Homeརྒྱལ་སྤྱི།ཨ་མེ་རི་ཀཨ་རིས་དམག་གྲུ་གསར་བ་བཟོ་རྒྱུ།

ཨ་རིས་དམག་གྲུ་གསར་བ་བཟོ་རྒྱུ།

Date:

ཁ་སང་སྒྲོ་ནལ་ཁྲི་རམ་ཕུས། གསེར་གྱི་མཚོ་གྲུ་སྡེ་ཁག་(Golden Fleet)ཅེས་པ་ཞིག་འཛུགས་རྒྱུ་དང་། གྲུ་གཟིངས་འདི་དག་ལ་ཁྲི་རམ་ཕུའི་རིམ་པ་(Trump-class)ཞེས། ཁོ་རང་གི་མིང་འདོགས་རྒྱུ་ཡིན་པ་བསྒྲགས།

དམག་མི་དང་དམག་གྲུའི་གྲངས་འབོར་གྱི་ཆ་ནས་ད་ལྟ་རྒྱ་ནག་གི་མཚོ་དམག་ནི། འཛམ་གླིང་གི་མཚོ་དམག་ཆེ་ཤོས་སུ་ངོས་འཛིན་བཞིན་པ་ལྟར། སྒྲོ་ནལ་ཁྲི་རམ་ཕུས་འོས་བསྡུའི་སྐབས་ནས་འདི་ལ་སེམས་ཁྲལ་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་དང་། ཁོ་སྲིད་སྟེགས་སུ་སླེབས་རྗེས་ཨ་རིས་སྔར་ནས་དོར་ཟིན་པའི་གྲུ་གཟིངས་བཟོ་རྒྱུའི་ནུས་པ་བསྐྱར་གསོ་བྱ་རྒྱུའི་ལས་གཞི་མང་པོ་འགོ་བཙུགས།

ཁ་སང་སྒྲོ་ནལ་ཁྲི་རམ་ཕུས། གསེར་གྱི་མཚོ་གྲུ་སྡེ་ཁག་(Golden Fleet)ཅེས་པ་ཞིག་འཛུགས་རྒྱུ་དང་། གྲུ་གཟིངས་འདི་དག་ལ་ཁྲི་རམ་ཕུའི་རིམ་པ་(Trump-class)ཞེས། ཁོ་རང་གི་མིང་འདོགས་རྒྱུ་ཡིན་པ་བསྒྲགས། ད་ལྟ་བར་གྲུ་གཟིངས་འདི་དག་གི་ཆེད་གཏོང་རྒྱུའི་འགྲོ་གྲོན་དང་། གྲུ་གཟིངས་བཟོ་ཡུལ་དང་འཇོག་ས། གྲུ་གཟིངས་དག་གི་འཆར་འགོ་སོགས་ཞིབ་ཕྲ་ཕྱིར་མ་བསྒྲགས།

མཚོ་དམག་སྡེ་ཁག་འདི་ནི་གྲུ་གཟིངས་ 25 ཡས་མས་ཀྱིས་གྲུབ་རྒྱུ་དང་། ཐོག་མར་གྲུ་གཟིངས་ 2 བཟོས་ནས་ལས་གཞི་འདི་འགོ་གཟུག་རྒྱུ་ཡིན་པ་བསྒྲགས། ཨ་རིའི་གྲུ་གཟིངས་ཆེན་པོ་དག་ལ། བྱས་རྗེས་ཅན་གྱི་སྲིད་འཛིན་ཟུར་བ་དང་མི་སྣ་གལ་ཆེན་ཚོའི་མིང་འདོགས་སྲོལ་ཡོད་ནའང་། ལས་ཐོག་སྲིད་འཛིན་ཞིག་གིས་རང་གི་མིང་གྲུ་གཟིངས་ལ་འདོགས་པ་ནི་ཧ་ཅང་དཀོན་པ་བཤད།

འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཏེ། ཕྱི་ལོ་ 1941 ནས་ཕྱི་ལོ་ 1945 བར། ཨ་རིས་ཡུ་རོབ་ལ་གོ་ལག་དང་དམག་དཔུང་ཕོན་ཆེན་རྒྱ་མཚོ་བརྒྱུད་གཏོང་དགོས་པ་དང་། ཞི་བདེ་རྒྱ་མཚོའི་ནང་དུ་ཉི་ཧོང་གོང་མའི་དམག་དཔུང་དང་འཐབ་ཆེད། གྲུ་གཟིངས་སྟོང་ཕྲག་ 5 ཡས་མས་བཟོས་ཤིང་། སྐབས་དེར་དགོས་མཁོའི་དབང་གིས་ཕལ་ཆེར་ཉིན་ 5 ཡི་ནང་སྐྱེལ་འདྲེན་གྲུ་གཟིངས་རེ་བཟོ་ཐུབ་པ་བཤད།

དམག་འཁྲུག་མཚམས་བཞག་པ་དང་། ཨ་རིའི་གྲུ་གཟིངས་བཟོ་གྲྭ་མང་པོ་སྒོ་བརྒྱབས་ཤིང་། ལས་རིགས་འདི་རེ་ཞིག་བདག་མེད་ཏུ་ལྷག་པ་ལྟ་བུ་གྱུར་བས། རྒྱ་ནག་གིས་གོ་སྐབས་འདི་བཟུང་ནས་གྲུ་གཟིངས་ཕོན་བཟོས་ཤིང་། ད་ལྟ་སྐྱེལ་འདྲེན་གྲུ་གཟིངས་མ་ཟད་དམག་གྲུ་བཟོ་ཚད་དང་། ལས་མིའི་གྲངས་གསུམ་གྱི་སྟེང་ནས་འཛམ་གླིང་གི་གྲུ་གཟིངས་བཟོ་མཁན་ཆེ་ཤོས་དེ་རྒྱ་ནག་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག