Homeརྒྱལ་སྤྱི།ཨ་རྒྱའི་སྲིད་འཛིན་གྱི་གླེང་མོལ། 

ཨ་རྒྱའི་སྲིད་འཛིན་གྱི་གླེང་མོལ། 

Date:

ཞེ་ཅེན་ཕིན་གྱིས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཐེ་ཝན་རྒྱ་ནག་ལ་ཕྱིར་ལོག་རྒྱུ་ནི། དམག་འཁྲུག་(འཁྲུག་ཆེན་གཉིས་པ)གི་རྗེས་ཀྱི་རྒྱལ་སྤྱིའི་སྒྲོམ་གཞིའི་ཆ་ཤས་འབྲལ་ཐབས་མེད་པ་ཞིག་རེད་ཅེས་བཤད་ཡོད་ཟེར།

ཁ་སང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་། རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕིན་གཉིས་ཀྱིས་ཁ་པར་བརྒྱུད་གླེང་མོལ་བྱས། དེའི་རྗེས་སྒྲོ་ནལ་ཁྲི་རམ་ཕུས། ང་དང་སྲིད་འཛིན་ཞེ་ཅེན་ཕིན་བར་ཁ་པར་བརྒྱུད་གླེང་མོལ་ཧ་ཅང་ཡག་པོ་བྱུང་། ང་གཉིས་ཀྱིས་ཡུ་ཁུ་རན་དང་རཱ་ཤི་ཡ། བཟི་སྨན་རྫས་ཧྥེན་ཀྲ་ནེལ། སྲན་དཀར་དང་ཞིང་ལས་ཐོན་རྫས་སོགས་ཀྱི་སྐོར་གླེང་མོལ་བྱས་ཟིན། ང་ཚོའི་ཞིང་པ་ཚོ་དང་འབྲེལ་ཐག་གཅོད་ཧ་ཅང་གལ་ཆེན་ཞིག་བྱུང་ཡོད་ལ། གནས་སྟངས་འདི་མུ་མཐུད་དུ་ཡག་ཏུ་འགྲོ་ངེས་རེད། རྒྱ་ནག་དང་ང་ཚོའི་འབྲེལ་བ་ནི་ཤིན་ཏུ་བརྟན་པོ་ཡིན་ཞེས་བྲིས།

ད་དུང་ཁོས། སྐབས་དེར་ལོ་རྗེས་མའི་ཕྱི་ཟླ་ 4 ནང་རང་ཉིད་རྒྱ་ནག་ཏུ་ཡོང་རྒྱུར་མགྲོན་འབོད་བྱས་ཟིན་པ་དང་། དེ་ཁས་བླངས་ཟིན་པ་དང་ལོ་རྗེས་མའི་མཇུག་ཅིག་ཏུ་ཞེ་ཅེན་ཕིན་ཡང་ཨ་རིར་ཡོང་རྒྱུ་བྱས་ཡོད་ཅེས་བྲིས། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་དག་གིས། ཨ་རྒྱ་གཉིས་ཀྱིས། ཕན་ཚུན་གྱི་ཁེ་ཕན་དང་འདྲ་མཉམ་རྩ་དོན་གཞིར་བཞག་ནས། གོ་སྐབས་འདི་དམ་འཛིན་གྱིས་ལམ་ཀ་འགྲིག་ཕྱོགས་སུ་འགྲོ་དགོས་པ་བཤད། ད་དུང་ཐེངས་འདིར་ཞེ་ཅེན་ཕིན་གྱིས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཐེ་ཝན་རྒྱ་ནག་ལ་ཕྱིར་ལོག་རྒྱུ་ནི། དམག་འཁྲུག་(འཁྲུག་ཆེན་གཉིས་པ)གི་རྗེས་ཀྱི་རྒྱལ་སྤྱིའི་སྒྲོམ་གཞིའི་ཆ་ཤས་འབྲལ་ཐབས་མེད་པ་ཞིག་རེད་ཅེས། བཤད་ཡོད་པའི་གནས་ཚུལ་ཐོན། ཡིན་ན་ཡང་། སྒྲོ་ནལ་ཁྲི་རམ་ཕུས་ཐེངས་འདིར་ཁོ་དང་། ཞེ་ཅེན་ཕིན་བར་ཐེ་ཝན་གྱི་སྐོར་གླེང་ཡོད་མེད་གང་ཡང་མ་བྲིས།

བདུན་ཕྲག་ 3 ཙམ་གྱི་གོང་དུ་སྒྲོ་ནལ་ཁྲི་རམ་ཕུ་དང་། ཞེ་ཅེན་ཕིན་གཉིས་ཐོག་མར་ལྷོ་ཀོ་རེ་ཡར་ཐུག་ཅིང་། སྐབས་དེར་ཕན་ཚུན་གྱི་ཚོང་འབྲེལ་གྲོས་མོལ་ཐད་ཐག་གཅོད་གལ་ཆེན་འགའ་བྱས། ཨ་རིས་རྒྱ་ནག་གི་སྟེང་བཀལ་བའི་སྒོ་ཁྲལ་དེ་བརྒྱ་ཆ་ 20% ལ་མར་བཅག་ཅིང་། རྒྱ་ནག་གིས་ཨ་རི་ནས་སྲན་དཀར་མང་བ་ཉོ་རྒྱུ་དང་། གཏེར་རྫས་རྩ་ཆེན་འཚོང་རྒྱུར་བཀག་འགོག་མི་བྱ་རྒྱུ་བྱས། ཡིན་ན་ཡང་། རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་བསྐྱར་སྒྲིག་གི་གྲོས་མཐུན་སྔར་བཞིན་འཇོག་མ་ཐུབ། སྤྱིའི་ཆ་ནས་ཨ་རྒྱའི་འབྲེལ་བ་ཅུང་བརྟན་པོར་གྱུར་ནའང་། ཐེ་ཝན་གྱི་གནད་དོན་དང་འབྲེལ། ཉེ་དུས་ནས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་མཐུན་གྲོགས་གཙོ་བོ་ཉི་ཧོང་དང་རྒྱ་ནག་བར་འབྲེལ་བ་སྡུག་ཏུ་ཕྱིན།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག