ཨ་རིའི་འབྱོར་ལྡན་ཨེ་ལོན་མ་སི་ཁིའི་མཁའ་དབྱིངས་ཞིབ་འཇུག་བསྟི་གནས་ SpaceX དང་། བཅོས་མའི་རིག་པ་ཞིབ་འཇུག་ཁེ་གཉེར་ xAI གཉིས་ཟླ་བསྒྲིལ་རྗེས། ཨེ་ལོན་མ་སི་ཁི་སྒེར་གྱི་མ་ཤེར་རིན་ཐང་དེ། ཨ་སྒོར་ཐེར་འབུམ་ $800 ལས་བརྒལ།
ཨ་རིའི་འབྱོར་ལྡན་ཨེ་ལོན་མ་སི་ཁིའི་མཁའ་དབྱིངས་ཞིབ་འཇུག་བསྟི་གནས་ SpaceX དང་། བཅོས་མའི་རིག་པ་ཞིབ་འཇུག་ཁེ་གཉེར་ xAI གཉིས་ཟླ་བསྒྲིལ་རྗེས། ཁེ་གཉེར་འདིའི་ཁྲོམ་རའི་རིན་ཐང་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1.25 ལ་བུད་ཅིང་། དེ་དང་ལྷན་ཁེ་གཉེར་འདིའི་ནང་དུ་ཡོད་པ། ཨེ་ལོན་མ་སི་ཁི་སྒེར་གྱི་མ་ཤེར་རིན་ཐང་དེ། ཨ་སྒོར་ཐེར་འབུམ་ $800 ལས་བརྒལ། འདི་ནི་འགྲོ་བ་མིའི་ལོ་རྒྱུས་ནང་དུ་མི་སྒེར་ཞིག་ལ་དངུལ་སྒོར་འདི་འདྲ་ཕོན་ཆེན་ཞིག་བདག་པ་ཐོག་མ་དེ་གྱུར།
ནང་དོན་གྱི་ཆ་ནས་འདི་ནི་མི་སྒེར་ཞིག་ལ། མི་མང་པོར་བདག་པའི་ཁང་བརྩེགས་ཤིག་གི་ཆ་ཤས་ཆེན་པོ་ཞིག་ཐོབ་ཟིན་པ་ལྟ་བུ་ཞིག་ལས། ཁོ་རང་གི་དངུལ་བྱང་ནང་དུ་ཨ་སྒོར་ཐེར་འབུམ་ $800 ལས་མང་བ་ཡོད་པར་གྱུར་ཟིན་པའི་དོན་མ་ཡིན་ཞིང་། ཁེ་གཉེར་ཞིག་གི་མ་ཤེར་གྱི་བརྒྱ་ཆ་ཕོན་ཆེན་ཐོབ་པ་ནི། ཡིག་ཐོག་གི་ཐག་གཅོད་ཅིག་ཡིན་པ་ལ། མ་ཤེར་དེ་ལས་ཐོབ་པའི་ཁེ་བབ་དངུལ་སྒོར་དེ་ཁོ་ལ་ཐོབ་རྒྱུ་ཡིན་ནའང་། མ་ཤེར་དེ་འཚོང་རྒྱུར་ཁྲིམས་དང་། སྒྲིག་གཞིས་ཚད་བཀག་ཆེན་པོ་བཟོས་ཡོད་ཅིང་། འཚོང་དགོས་ན་ཉོ་མཁན་ཞིག་ཀྱང་ཡོད་མེད་ཐེ་ཚོམ་གྱི་གནས་ཡིན་པ་གསལ།
