ད་ལོའི་སྟོན་ཀར་ཨེ་རན་དུ་ཆར་བ་ཡག་པོ་མ་བབས་རྐྱེན་ཐན་པ་ཚབས་ཆེན་བྱུང་ཟིན་པ་དང་། ལྷག་པར་དུ་རྒྱལ་ས་ཐེ་རན་དང་དེའི་ཉེ་འཁོར་དུ་སྟོན་ཀར་ཐན་པ་ཆེན་པོ་བྱུང་བས། རྒྱལ་སའི་མི་དག་གནས་སྤོ་དགོས་སྲིད་པ་བཤད།
ད་ལོའི་སྟོན་ཀར་ཨེ་རན་དུ་ཆར་བ་ཡག་པོ་མ་བབས་རྐྱེན་ཐན་པ་ཚབས་ཆེན་བྱུང་ཟིན་པ་དང་། ལྷག་པར་དུ་རྒྱལ་ས་ཐེ་རན་དང་དེའི་ཉེ་འཁོར་དུ་སྟོན་ཀར་ཐན་པ་ཆེན་པོ་བྱུང་བས། ཆུ་མཛོད་མང་ཆེ་བ་སྟོང་ལ་ཉེ་བས། གཞུང་གིས་མི་དམངས་ལ་ཆུ་འཛད་སྤྱོད་ཉུང་འཕྲི་དང་། ཆུ་གསོག་མཉར་བྱ་དགོས་པའི་བརྡ་ཁྱབ་བཏང་།
ཨེ་རན་གྱི་སྲིད་འཛིན་གྱིས། གལ་སྲིད་མགྱོགས་པོར་ཆར་བ་འདང་ངེས་ཤིག་མ་བབས་ཚེ། རྒྱལ་ས་ཐེ་རན་གྱི་ཆུ་བེད་སྤྱོད་ལ་ཚོད་འཛིན་བྱེད་དགོས་འགྱུར་རྒྱུ་མ་ཟད།ཚོད་འཛིན་བྱས་ཀྱང་དེས་ཀྱང་དཀའ་ངལ་སེལ་ཐུབ་རྒྱུ་ཁག་པོ་ཡིན་པ་བཤད། ད་དུང་ཁོས་གལ་སྲིད་ཚོད་འཛིན་བྱས་པས་ཀྱང་དཀའ་ངལ་སེལ་མ་ཐུབ་ཚེ། རྒྱལ་ས་ཐེ་རན་གྱི་སྡོད་མི་དག་གནས་སྤོ་དགོས་པ་བཤད། ས་གནས་ཀྱི་གསར་ཁང་སོགས་ཀྱིས། ཐེ་རན་གྱི་སྡོད་མི་དག་གནས་སྤོ་དགོས་ཟེར་བར་གོ་རྒྱུ་མི་འདུག་ཅེས་འཕྱ་སྨོད་བྱས།
