Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་དུ་འཆི་གྲངས་ 2,571 ལ་བུད།

ཨེ་རན་དུ་འཆི་གྲངས་ 2,571 ལ་བུད།

Date:

གཟའ་མིག་དམར་གྱི་ཞོགས་པར་ཨེ་རན་གྱི་གནད་དོན་ཐད། ཨ་རིའི་སྲིད་འཛིན་རྒན་གཞོན་གཉིས་མཉམ་ཞུགས་ཀྱིས། ནང་ཁུལ་ཆེས་མཐོའི་བདེ་སྲུང་ཚོགས་འདུ་ཞིག་ཚོགས་ཟིན་པ་གསལ།

ཟླ་བ་སྔོན་མའི་ཚེས་ 28 ཉིན་ནས་འགོ་བཙུགས་པའི་ཨེ་རན་གྱི་ངོ་རྒོལ་ཁྲོད། ད་ལྟ་བར་ཉུང་མཐར་མི་ 2,571 བསད་ཟིན་པ། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གསར་ཁང་ཞིག་གི་གནས་ཚུལ་ལུང་འདྲེན་གྱིས། རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད་ཅིང་། དེའི་ཁྲོད་ཀྱི་མི་ 147 གཞུང་དང་འབྲེལ་ཡོད་ཀྱི་མི་ཡིན་པ་དང་། རྐྱེན་འདས་སུ་ཕྱིན་ཟིན་པ་གྲངས་ 12 ལོ་ན་ 18 ཀྱི་འོག་ཡིན་པ་བཤད། ཨེ་རན་གཞུང་འབྲེལ་གསར་ཁང་གིས་ཀྱང་འཆི་གྲངས་མཐོ་བ་ཐོག་མར་ཁས་བླངས།

ཨེ་རན་གཞུང་གིས། ཐེངས་འདིའི་ངོ་རྒོལ་ཁྲོད་དྲག་ཟིང་ཤུགས་ཆེན་བྱུང་བའི་རྒྱབ་ཏུ། ཨ་རི་དང་ཨེ་ཛི་རལ་ཡོད་པ་ཤོད་བཞིན་པ་ལྟར། ཕྱི་རྒྱལ་ནས་ཨེ་རན་གྱི་རྒྱལ་ནང་ལ་ལྐོག་འདྲེན་བྱེད་བཞིན་པ། གོ་ལག་འདྲ་མིན་གྲངས་ 273 ལམ་ནས་བཀག་ཟིན་པ་བཤད། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་མི་དམངས་ལ་རོགས་སྐྱོར་ཡོང་བཞིན་ཡོད་ཅེས་བཤད་ཟིན་པ་ལྟར། ཁ་སང་ཁོས། ད་ལྟ་འཆི་གྲངས་འདྲ་མིན་ཞིག་ཐོན་བཞིན་འདུག ཐེངས་འདིར་མི་ག་ཚོད་བསད་ཟིན་མིན་གྱི་གྲངས་ཐོ་དངོས་ང་ལ་མགྱོགས་པོར་འབྱོར་ངེས་ཡིན་ཞེས་བཤད།

གཟའ་མིག་དམར་གྱི་ཞོགས་པར་ཨེ་རན་གྱི་གནད་དོན་ཐད། ཨ་རིའི་སྲིད་འཛིན་རྒན་གཞོན་གཉིས་མཉམ་ཞུགས་ཀྱིས། ནང་ཁུལ་ཆེས་མཐོའི་བདེ་སྲུང་ཚོགས་འདུ་ཞིག་ཚོགས་ཟིན་པ་གསལ། ཨ་རིར་ཡོད་པའི་ཨེ་རན་གྱི་རྒྱལ་སྲས་ཀྱིས་སླར་ཡང་ངོ་རྒོལ་བ་ཚོར། མུ་མཐུད་དུ་ངོ་རྒོལ་བྱ་དགོས་པ་དང་། ད་ལྟའི་ཨེ་རན་གཞུང་དང་ང་ཚོའི་བར་ཁྲག་གི་རྒྱ་མཚོ་འཁྱིལ་ཡོད་ཅེས་བསྒྲགས། ཁེ་ན་ཀྲ་དང་ཉི་ཧོང་། ཨ་རི། དབྱིན་ཇི། ནེའུ་ཛེ་ལན་ཀྲི་བཅས་ཀྱིས། ཨེ་རན་དུ་ཡོད་པའི་རང་གི་མི་སེར་དག་ཕྱི་ལ་ཐོན་དགོས་པའི་ཉེན་བརྡ་བཏང་།

ཝ་ཤིན་ཀྲོན་གསར་ཤོག་ལྟར་ན། ཨ་རིས་ཡུ་རོབ་རྒྱལ་ཁབ་དག་གི་གསང་བའི་ལས་ཁུངས་ཚོར། ཨེ་རན་རྒྱལ་ནང་གི་གཏོར་རྒོལ་དམིགས་འབེན་དག་ངོས་འཛིན་ཆེད། གནས་ཚུལ་མཁོ་སྤྲོད་བྱེད་དགོས་པ་ཤོད་བཞིན་པའི་གནས་ཚུལ་བཀོད། ཨེ་རན་གཞུང་གིས་རྒྱལ་སའི་དབུས་སུ། གནམ་སྲུང་མ་ལག་སོགས་གོ་ལག་དང་། དམག་མི་ཕོན་ཆེན་འཇོག་བཞིན་པའི་གནས་ཚུལ་ཐོན། ཨེ་རན་གྱི་དམག་དོན་ལས་བྱེད་ཅིག་གིས། ལོ་སྔོན་མར་ཨེ་ཛི་རལ་གྱིས་གཏོར་ཟིན་པ། འཕུར་མདའི་མ་ལག་ཚང་མ་བསྐྱར་གསོ་ཐུབ་ཡོད་པ་དང་། ད་ལྟ་དམག་འཁྲུག་ལ་སྔར་ལས་ཀྱང་གྲ་སྒྲིག་ཡོད་ཅེས་བཤད།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་དང་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་དག་གི་སྟེང་། སྒོ་ཁྲལ་བརྒྱ་ཆ་ 25% དགལ་རྒྱུ་ཡིན་པ་བསྒྲགས་ཟིན་པ་ལྟར། བྷི་ལུམ་བྷར་གྷི་ལྟར་ན་སྒོ་ཁྲལ་འདིས་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་བཤད། ཨེ་རན་གྱི་ཚོང་གྲོགས་ཆེ་ཤོས་ནི་རྒྱ་ནག་ཡིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་ 1 ནས་ཕྱི་ཟླ་ 11 བར་རྒྱ་ནག་གིས་ཨེ་རན་ལ། ཨ་སྒོར་ཐེར་འབུམ་ $6.23 གྱིནརིན་ཐང་ཚོང་ཟོག་བཙོང་ཟིན་པ་དང་། ཨེ་རན་ནས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་ $2.23 གྱི་རིན་ཐང་ཚོང་ཟོག་བཙོང་ཟིན་པས། ཨེ་རན་གྱི་རྡོ་སྣུམ་ཕྱིར་འཚོང་བརྒྱ་ཆ་ 90% རྒྱ་ནག་ཏུ་འགྲོ་བཞིན་པ་གསལ།

ཨེ་རན་གཞུང་གིས། ཨ་རིས་ཨེ་རན་གྱི་ཚོང་གྲོགས་ཚོའི་སྟེང་སྒོ་ཁྲལ་བཀལ་བ་འདི་ནི། འགྲོ་བ་མིའི་ཀུན་སྤྱོད་དང་མི་མཐུན་པ་ཞིག་ཡིན་པ་བཤད། རཱ་ཤི་ཡས། ཨ་རིས་ཨེ་རན་གཞུང་ལ་ཉེན་བརྡ་གཏོང་བཞིན་པ་འདི་ནི་ངོས་ལེན་ཐུབ་པ་ཞིག་མ་རེད་ཅེས་དང་། ཕྱི་རྒྱལ་གྱི་སྟོབས་ཤུགས་ཚོས། ཨེ་རན་གཞུང་གཏོར་ཐབས་བྱེད་བཞིན་པ་བཤད། ངོ་རྒོལ་བའི་སྟེང་དྲག་གནོན་བྱས་པ་དང་འབྲེལ། མཇར་མན་དང་ཨི་ཀྲ་ལི་གཉིས་ཀྱིས། ཨེ་རན་གྱི་གཞུང་ཚབ་བསྐོངས་ནས་སྐྱོན་བརྗོད་བྱས། ཁཱ་ཀྲར་རྒྱལ་ཁབ་ཀྱིས། ཨ་རི་དང་ཨེ་རན་གཉིས་ལ་བར་འདུམ་བྱ་ཆོག་པ་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག