Homeརྒྱལ་སྤྱི།ཨ་མེ་རི་ཀཨེ་ལོན་མ་ཁི་ཡང་བསྐྱར་ཆབ་སྲིད་ཁྲོད་ཚུད་རྒྱུ།

ཨེ་ལོན་མ་ཁི་ཡང་བསྐྱར་ཆབ་སྲིད་ཁྲོད་ཚུད་རྒྱུ།

Date:

ཨེ་ལོན་གྱིས། ཐལ་མཐའ་ལྷུང་བའི་གུ་ཡངས་རིང་ལུགས་པ་ཚོས། རྒྱལ་མཚམས་སྒོ་འབྱེད་དང་། རྒྱལ་ནང་ལ་མི་མང་པོ་ཡོད་དུ་བཅུག་ནས། ཨ་རི་ཟེར་བ་ཞིག་ལྷག་རྒྱུ་མེད་པ་བཟོ་རྒྱུ་ཡིན་པ་བཤད།

ད་ལོར་ཨ་རིའི་གྲོས་ཚོགས་འཐུས་མིའི་བར་མའི་འོས་བསྡུ་བསླེབ་རྒྱུ་ཡིན་པ་ལྟར། ལོ་སྔོན་མར་མངའ་སྡེ་དང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུ་འགའི་ཁྲོད། སྤྱི་མཐུན་ཚོགས་པའི་འཐུས་མི་དག་ཕམ་པས། འདི་ནི་སྤྱི་མཐུན་ཚོགས་པར་ཉེན་བརྡ་ཆེ་ཤོས་ཤིག་ཏུ་གྱུར། ཐེངས་འདིར་འབྱོར་ལྡན་ཨེ་ལོན་མ་སི་ཁིས། སྤྱི་མཐུན་ཚོགས་པའི་འོས་མི་དག་ལ་དངུལ་སྒོར་གྱིས་རོགས་སྐྱོར་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན།

ཨེ་ལོན་གྱིས། ཐལ་མཐའ་ལྷུང་བའི་གུ་ཡངས་རིང་ལུགས་པ་ཚོས། རྒྱལ་མཚམས་སྒོ་འབྱེད་དང་། རྒྱལ་ནང་ལ་མི་མང་པོ་ཡོད་དུ་བཅུག་ནས། ཨ་རི་ཟེར་བ་ཞིག་ལྷག་རྒྱུ་མེད་པ་བཟོ་རྒྱུ་ཡིན་པ་བཤད། ཕྱི་ལོ་ 2024 ནས་ཨེ་ལོན་མ་སི་ཁི་ནི། སྒྲོ་ནལ་ཁྲི་རམ་ཕུ་གཙོས་སྤྱི་མཐུན་ཚོགས་པའི་ཆབ་སྲིད་པ་མང་པོར་རྒྱབ་སྐྱོར་བྱས། 

ཉེ་དུས་ཨེ་ལོན་མ་སི་ཁིས། ག་དུས་ང་ཆབ་སྲིད་ཀྱི་ཁྲོད་ཚུད་ན། མཇུག་དེ་གནས་ཚུལ་ངན་པ་ཞིག་བྱུང་ནས་སྡུད་བཞིན་འདུག ད་ལྟ་ནས་ངས་གཙོ་བོ་ཚོང་ལས་ཁྲོད་དོ་སྣང་བྱ་རྒྱུ་ཡིན་པ་བཤད། ད་ལྟ་བར་ཁྲིམས་འགལ་ངང་རྒྱལ་ནང་དུ་འཛུལ་མཁན། གྲངས་ས་ཆ་ 2.2 རྣམ་པ་ཅི་རིགས་ཀྱི་སྒོ་ནས་མེད་པ་བཟོས་ཟིན་པ། རྒྱལ་མཚམས་སྲུང་སྐྱོབ་ཀྱི་འགན་འཁུར་མཁན་ཀྲོམ་ཧོ་མན་གྱིས་བསྒྲགས།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག