Homeརྒྱལ་སྤྱི།བྱང་ཨ་རི། ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་གསར་བ། 

ཨེབ་སི་ཀྲེན་དང་འབྲེལ་བའི་ཡིག་ཆ་གསར་བ། 

Date:

ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ཚོས། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་གསང་བའི་ཡིག་ཆ་ཤོག་གྲངས་ཁྲི་ 2 ལས་མང་བ་ཕྱིར་བཏོན།

དེ་དག་གི་ཁྲོད་སྒྲོ་ནལ་ཁྲི་རམ་ཕུའི་མིང་ཐོན་ཡོད་པ། ཕྱི་ལོ་ 2011 དང་ཕྱི་ལོ་ 2015 ། ཕྱི་ལོ་ 2019 བར་བཏང་བའི་གློག་འཕྲིན་ 3 ཚུད། གློག་འཕྲིན་གཅིག་ནི་ཕྱི་ལོ་ 2011 ལོར་ཨེབ་སི་ཀྲེན་དང་ཁོའི་དགའ་རོགས་བར་བཏང་བ་ཞིག་དང་། དེའི་ནང་དུ་ཨེབ་སི་ཀྲེན་གྱིས་ཁོའི་དགའ་རོགས་ལ། སྐད་མི་རྒྱག་པའི་ཁྱི་དེ་ནི་སྒྲོ་ནལ་ཁྲི་རམ་ཕུ་ཡིན་པ་ངས་ཁྱེད་ཀྱིས་ཤེས་ན་འདོད་ཡོད། (བུ་མོ་ཞིག་)གིས་ཁོ་(སྒྲོ་ནལ་ཁྲི་རམ་ཕུ།)དང་ལྷན་ངའི་ཁང་པར་ཆུ་ཚོད་(མང་ཚིག)བསྐྱལ་བ་རེད། ཅེས་བྲིས།

•. སྒྲོ་ནལ་ཁྲི་རམ་ཕུའི་མིང་ཐོན་པའི་གློག་འཕྲིན་གཞན་ཞིག་ནི། ནག་ཅན་ཨེབ་སི་ཀྲེན་དང་། རྩོམ་པ་པོ་མའེ་ཀལ་ཝོལ་ཧྥི་(Michael Wolff)གཉིས་བར་བཏང་བ་ཞིག་གྱུར། སྙིང་པོ་ནི་གློག་འཕྲིན་འདི་དག་བདེན་ན། སྒྲོ་ནལ་ཁྲི་རམ་ཕུས་ནག་ཅན་ཨེབ་སི་ཀྲེན་གྱི་བྱ་འགུལ་དག་ཤེས་དགོས་པ་ཞིག་ཏུ་གྱུར། སྒྲོ་ནལ་ཁྲི་རམ་ཕུས། ཁོས་ནག་ཅན་ཨེབ་སི་ཀྲེན་གྱི་ནག་ཉེས་སྐོར་གང་ཡང་མི་ཤེས་ཞེས་ཤོད་བཞིན་ཡོད། བཤད་དཀའ་བ་ཞིག་ནི་སྒྲོ་ནལ་ཁྲི་རམ་ཕུ་བུ་མོ་ཞིག་དང་ལྷན་བསྡད་པའི་གནས་ཚུལ་བཀོད་ཀྱང་། བུ་མོ་དེ་ནི་ད་ལོར་རང་སྲོག་བཅད་ཟིན་པའི་ཝིར་ཇེ་ནེ་ཡ་ གྷུ་ཧྥེར་(Virginia Giuffre)གྱུར། ཡིན་ན་ཡང་། ཕྱི་ལོ་ 2016 ལོར་བུ་མོ་འདིས། སྒྲོ་ནལ་ཁྲི་རམ་ཕུ་ལས་ཀ་དེ་འདྲ་བཙོག་པའི་ཁྲོད་ཚུད་ཡོད་པ་ངས་མཐོང་མ་སོང་ཞེས་དངོས་སུ་བཤད་ཟིན།

•. ནག་ཅན་ཨེབ་སི་ཀྲེན་ཞེས་པ་ནི་ཕྱི་ལོ་ 2019 ལོར་ཤི་ཟིན་པ་ཞིག་དང་། གཞུང་འབྲེལ་གྱི་འགྲེལ་བཤད་ནི་ཁོས་བཀག་མཉར་ཁང་དུ་རང་སྲོག་བཅད་ཟིན་པ་དེ་རེད། མི་འདིས་བུ་མོ་ན་ཚོད་མ་སྨིན་པ་དག་གཡོ་འགུག་བྱས་ཤིང་། འབྱོར་ལྡན་དང་མཐོ་རིམ་ཆབ་སྲིད་པ་ཚོར་བཙོང་ཟིན་པའི་དོགས་གཞི་ཡོད་པ་དེ་རེད། སྒྲོ་ནལ་ཁྲི་རམ་ཕུ་དང་མི་འདི་གཉིས་བར་སྔར་འབྲེལ་བ་ཡོད་ཀྱང་། ཕྱི་ལོ་ 2000 ནང་ཁོ་གཉིས་བར་འགལ་ཟླ་ཤོར་ཟིན། ཐེངས་འདིར་མང་གཙོ་ཚོགས་པས་ཡིག་ཆ་འདི་དག་བཀྲམས་པ་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོ་དང་། ཕོ་བྲང་དཀར་པོའི་མགྲིན་ཚབ་པས། འདི་ནི་མང་གཙོ་ཚོགས་པས་རྫུན་བཟོ་བྱས་པ་ཞིག་ཡིན་པ་དང་། སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་བསྡད་ཟིན་པར་བཤད་པའི་བུ་མོ་འདིས། མོ་རང་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་བསྡད་མེད་ཅེས་དངོས་སུ་བཤད་ཟིན་པ་རེད་ཅེས་བཤད།

•. སྒྲོ་ནལ་ཁྲི་རམ་ཕུས། ནག་ཅན་ཨེབ་སི་ཀྲེན་ནི་ཤི་ཟིན་པ་ཞིག་དང་།
ད་ལྟ་ཁོའི་སྐོར་གླེང་བ་ནི་སྙིང་པོ་མེད་པ་ཞིག་ཡིན་པ་བཤད། ཡིན་ན་ཡང་། ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བའི་གཞུང་གི་ཡིག་ཆ་ཚང་མ་ཕྱིར་འདོན་དགོས། ཞེས་མང་གཙོ་ཚོགས་པ་མ་ཟད་སྤྱི་མཐུན་ཚོགས་པའི་འཐུས་མི་དང་། ལྷག་པར་སྒྲོ་ནལ་ཁྲི་རམ་ཕུ་རང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྙིང་ཞེན་པ་མང་པོས་ཀྱང་། ཡིག་ཆ་འདི་དག་ངེས་པར་དུ་ཕྱིར་འདོན་དགོས་པ་བཤད། ནག་ཅན་ཨེབ་སི་ཀྲེན་གྱི་ཡིག་ཆའི་ནང་དུ། སྒྲོ་ནལ་ཁྲི་རམ་ཕུའི་མིང་ཡོད་པ་ཤོད་མཁན་ཐོག་མ་དེ་ཨེ་ལོན་མ་སི་ཁི་གྱུར། གྲོས་ཚོགས་འོག་མའི་ཚོགས་གཙོ་མའེ་ཀི་རྗོན་སོན་ལྟར་ན། བདུན་ཕྲག་རྗེས་མར་ཡིག་ཆ་ཚང་མ་ཕྱིར་འདོན་མིན་ཐད་འོས་བླུག་རྒྱུ་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག