Homeདཔལ་འབྱོར།ཕུ་ཀྲན་རྒྱ་གར་དུ་ཡོང་རྒྱུ།

ཕུ་ཀྲན་རྒྱ་གར་དུ་ཡོང་རྒྱུ།

Date:

ད་ལོར་རཱ་ཤི་ཡ་དང་རྒྱ་གར་བར་གྱི་ཚོང་འབྲེལ་རིན་ཐང་དེ། ཨ་སྒོར་ཐེར་འབུམ་ $68.7 ལ་འབུད་རྒྱུ་དང་། ཕྱི་ལོ་ 2030 བར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་རིན་ཐང་དེ། ཨ་སྒོར་ཐེར་འབུམ་ $100 འབུད་ཐུབ་པའི་དམིགས་ཡུལ་ཡོད་པ་བཤད།

སང་ཉིན་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་རྒྱ་གར་དུ་འབྱོར་རྒྱུ་དང་། ཉིན་ 2 རིང་རྒྱ་གར་དུ་སྐོར་བསྐྱོད་བྱ་རྒྱུ། ཐེངས་འདིར་གཙོ་བོ་རྒྱ་གར་དང་རཱ་ཤི་ཡའི་བར་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པའི་སྟེང་ཞུགས་རྒྱུ་དང་། རྒྱ་གར་དང་རཱ་ཤི་ཡའི་བར་ཚོང་ལས་བདེ་སྲུང་། ཉིང་རྡུལ་ལས་གཞི་སོགས་ཀྱི་སྐོར་གྲོས་མོལ་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན། 

རཱ་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་པི་སི་ཀོ་ཝི་ཡིས། ད་ལོར་རཱ་ཤི་ཡ་དང་རྒྱ་གར་བར་གྱི་ཚོང་འབྲེལ་རིན་ཐང་དེ། ཨ་སྒོར་ཐེར་འབུམ་ $68.7 ལ་འབུད་རྒྱུ་དང་། ཕྱི་ལོ་ 2030 བར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་རིན་ཐང་དེ། ཨ་སྒོར་ཐེར་འབུམ་ $100 འབུད་ཐུབ་པའི་དམིགས་ཡུལ་ཡོད་པ་བཤད། དེ་བཞིན་རཱ་ཤི་ཡ་དང་རྒྱ་གར་བར་བཞག་པའི་བདེ་སྲུང་མཉམ་ལས་དང་འབྲེལ་བའི་ཆིངས་ཡིག་ཅིག་ལ། རཱ་ཤི་ཡའི་གྲོས་ཚོགས་ཀྱིས་ཆོག་མཆན་སྤྲད། 

གྲོས་མཐུན་འདི་ལྟར་ན་དམག་སྦྱོང་གི་ཆེད་དང་།ཕན་ཚུན་གྱི་རྒྱལ་ནང་དུ་རང་བྱུང་གི་གནོད་འཚེ་སོགས་བྱུང་ཚེ་རོགས་སྐྱོར་ཆེད། ཕན་ཚུན་གྱི་རྒྱལ་ནང་ལ་དམག་མི་གཏོང་རེས་བྱ་ཆོག་པ་བཟོས་ཡོད་པ་བཤད། གཞན་ཡང་རཱ་ཤི་ཡའི་གཞུང་འབྲེལ་གསར་ཁང་ངམ། ཆབ་སྲིད་ཁྱབ་བསྒྲགས་ཆེད་སྤྱོད་ཀྱིན་པའི་གསར་ཁང་{དེ་རིང་གི་རཱ་ཤི་ཡ་(RT)}ཞེས་པའི་དབྱིན་སྐད་ཡན་ལག་ཅིག་ཟླ་བ་འདིའི་ཚེས་ 5 ནས་རྒྱ་གར་དུ་ཐད་གཏོང་འགོ་བཙུགས། གསར་ཁང་འདི་ཡུ་རོབ་དང་ཨ་རིས་བཀག་ཟིན། 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག