དེ་རིང་གློ་བུར་དུ་ཧྥ་རན་སིའི་སྲིད་བློན་གསར་བ་སེ་བྷ་སི་ཀྲེན་(Sébastien Lecornu)གྱིས་དགོངས་པ་ཞུས།

0
28

དེ་རིང་གློ་བུར་དུ་ཧྥ་རན་སིའི་སྲིད་བློན་གསར་བ་སེ་བྷ་སི་ཀྲེན་(Sébastien Lecornu)གྱིས་དགོངས་པ་ཞུས། ཞོགས་པར་ཁོས་སྲིད་འཛིན་མ་ཁི་རོན་དང་ལྷན་ཐུག་རྗེས་གནས་ཚུལ་འདི་ཕྱིར་བསྒྲགས། ཁོས་ལས་འགན་འཁུར་ནས་ཉིན་ 26 ལས་འགྲོ་བཞིན་མེད་པ་དང་། རང་གི་བློ་ཆེན་ལྷན་ཚོགས་གསར་བའི་གྲུབ་ཆ་ཕྱིར་བསྒྲགས་ནས་ཉིན་ 1 མ་ཟིན་ཙམ་གྱི་རྗེས་སུ་གནས་ཚུལ་འདི་བྱུང་། འདི་ནི་འདས་པའི་ལོ་ངོ་ 5 ཡི་ནང་། ཧྥ་རན་སིའི་སྲིད་བློན་དགོངས་པ་ཞུས་པ་ཐེངས་ལྔ་བ་དེ་གྱུར།

ཁོས་རང་གི་བློན་ཆེན་དག་གི་མིང་ཕྱིར་བཏོན་པ་དང་། ཕྱོགས་མང་པོ་ནས་སྐྱོན་བརྗོད་བྱས་འགོ་བཙུགས་ཤིང་། སྐྱོན་བརྗོད་བྱེད་མཁན་ཚོས། དེ་ནི་འདིའི་སྔོན་དུ་ཕྱིར་བསྡུ་བྱས་ཟིན་པའི་གཞུང་རྙིང་པ་དང་ཁྱད་པར་མི་འདུག་ཅེས་བཤད། ད་ལྟ་ཆབ་སྲིད་ཚོགས་པ་གཞན་དག་གིས། འོས་བསྡུ་གསར་བ་མགྱོགས་པོར་བྱ་དགོས་པ་སྒྲོག་བཞིན་པ་དང་། འགའ་ཤས་ཀྱིས་སྲིད་འཛིན་མཱ་ཁི་རོན་གྱིས་དགོངས་པ་ཞུ་དགོས་པ་བསྒྲགས། ཕྱི་ལོ་ 2027 བར་མཱ་ཁི་རོན་གྱི་དུས་ཡུན་རྫོགས་རྒྱུ་མིན་པས། ཁོས་དེའི་བར་དུ་སྲིད་སྟེགས་ནས་འབབ་རྒྱུ་མིན་ཞེས་ཤོད་བཞིན་པ་གསལ།

ད་ལོའི་ཕྱི་ཟླ་ 7 པ་ནས་ཧྥ་རན་སིའི་ཆབ་སྲིད་ལ་བརྟན་ལྷིང་མེད་པར་གྱུར་ཅིང་། ཕྱི་ལོ་ 2026 ལོའི་འགྲོ་གྲོན་སྔོན་རྩིས་འཆར་གཞི་དང་འབྲེལ། གཙོ་བོ་ཞིག་ནི་དེའི་ཁྲོད་གཞུང་གིས་བུ་ལོན་བསྙུང་རྒྱུའི་དམིགས་ཡུལ་དང་། འཕྲོད་བསྟེན་ལྟ་སྐྱོང་སོགས་ཀྱི་འགྲོ་གྲོན་བསྙུང་རྒྱུ། ལས་ཀ་བྱ་རྒྱུའི་མིའི་ན་ཚོད་ཡར་སྤར་རྒྱུ་སོགས་བཅུག་པས། ལས་འཁྱུར་ངལ་གསོའི་ཐོབ་ཐང་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་སོགས་གྱུར།

གཞན་ཡང་རྒྱལ་ནང་དུ་སྐྱབས་བཅོལ་བའི་གྲངས་འཕར་བའང་། རྒྱབ་ལོགས་ཀྱི་རྒྱུ་མཚན་གཞན་ཞིག་གྱུར་ཅིང་། འབྱུང་འགྱུར་སྲིད་བློན་གསར་བ་སུ་ཞིག་སླེབས་ཀྱང་། གོང་གི་དཀའ་ངལ་མང་པོ་ཞིག་སེལ་རྒྱུ་ཁག་པོ་གྱུར་ཡོད་པ་གཅིག་མཚུངས་ཡིན་པ་བཤད། གནས་སྟངས་འདི་དག་གི་རྐྱེན་པས། ཧྥ་རན་སིའི་ཆབ་སྲིད་ཁྲོད་རྙིང་ཞེན་ཤོག་ཁག་གི་ནུས་པ་མུ་མཐུད་དུ་ཆེ་རུ་འགྲོ་རྒྱུ་ཡིན་པ་སྔོན་དཔག་བྱེད།

LEAVE A REPLY

Please enter your comment!
Please enter your name here