admin

spot_img

རྒྱ་ནག་གིས་ཨ་རིའི་སྟེང་ཉེས་ཆད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་བའི་ལན་དུ། རྒྱ་ནག་གིས་ཨ་རིའི་གོ་ལག་བཟོ་གྲྭ་ 20 དང་ཁེ་གཉེར་འདི་དག་གི་སྤྱི་གཉེར་གྲངས་ 10 ཡི་སྟེང་ཉེས་ཆད་བཀལ་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གྱི་དཀྱིལ་སྙིང་ལ་ཐུག་པ་ཞིག་ཡིན་ཞེས་བསྒྲགས།

ང་ལ་ཕྲུ་གུ་བརྒྱ་ཡོད། 

པཱ་ཝེལ་རྡུ་རོ་ཝི་ཡིས། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ལོ་ན་ 36 གྱི་འོག་ཅན་སུ་ཞིག་ལ། ཁོའི་ཁུ་བའམ་ཁམས་དཀར་དགོས་ཚེ་སྤྲད་རྒྱུ་དང་། ཁམས་དཀར་དེ་བུད་མེད་ཀྱི་མངལ་དུ་མ་བཞག་བར་གྱི་འགྲོ་གྲོན་ཡང་ཁོས་གཏོང་རྒྱུ་ཡིན་པ་བཤད།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

རཱ་དམག་གིས་ཡུ་ཁུ་རན་གྱི་རྡོ་ཉད་སི་ཀི་མངའ་སྡེའི་གྲོང་བརྡལ། སི་ཝེར་སི་ཀི་(Siversk)བཅིངས་གྲོལ་བཏང་ཟིན་ཅེས་བསྒྲགས་ཟིན་པ་ལྟར། ད་ལྟ་གྲོང་བརྡལ་གལ་ཆེན་འདི་དོན་དངོས་སུ་རཱ་དམག་གིས་འཕྲོག་ཟིན་པ་གསལ་བོར་གྱུར།

གོ་ལག་ཐང་ལ་འཇོག་འདོད་མི་འདུག

ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། གྷ་ཛ་ས་ཁུལ་གྱི་ལྷོ་ཕྱོགས་རཱ་ཧྥ་ས་ཁུལ་དུ། ཧཱ་མ་སི་དྲག་དཔུང་གིས་ཚུར་རྒོལ་གྱིས་ཨེ་ཛི་རལ་གྱི་དམག་མི་ཞིག་རྨས་ཟིན་པ་དང་། ང་ཚོས་དེ་དང་མཐུན་པའི་ལན་བསློག་རྒྱུ་ཡིན།

རྡོ་སྣུམ་གྱི་ལམ་ཀ་འགོག་རྒྱུ་གཙོ་བོ་འཛིན་རྒྱུ། 

སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་ཡོད་པའི་ཨ་རིའི་དམག་དཔུང་ལ། འབྱུང་འགྱུར་ཟླ་བ་ 2 རིང་གཙོ་བོ་ཝེ་ནེ་ཛོ་ལའི་རྡོ་སྣུམ་ལམ་ཀ་གཅོད་དགོས་པའི་བཀའ་བཏང་ཡོད་པ་བཤད།

ཨོན་རྡུ་ར་སིའི་འོས་བསྡུ། 

དབུས་ཨ་མེ་རི་ཀའི་རྒྱལ་ཁབ་ཨོན་རྡུ་ར་སིའི་(Honduras)སྲིད་འཛིན་འོས་བསྡུའི་ཁྲོད། རྙིང་ཞེན་ཆབ་སྲིད་ཚོགས་པའི་འོས་མི་ཨ་སི་ཧྥུ་ར་(Nasry Asfura)ཞེས་པར་རྒྱལ་ཁ་ཐོབ་ཟིན་པ་བསྒྲགས།

ཡིག་ཆ་གསར་བ་ས་ཡ་ལས་མང་བ་རག་ཡོད།

ཨ་རིའི་ཁྲིམས་ལུགས་ལག་བསྟར་དང་ལྟ་ཞིབ་ལྷན་ཁང་གིས། ད་ལྟ་ནག་ཅན་ཨེབ་སི་ཀྲེན་དང་འབྲེལ་བ་ཡོད་སྲིད་པའི་ཡིག་ཆ་གྲངས་ས་ཡ་ 1 ལས་བརྒལ་བ་གསར་དུ་རག་སོང་ཞེས་བསྒྲགས།

Subscribe

- Never miss a story with notifications

- Gain full access to our premium content

- Browse free from up to 5 devices at once

Must read

spot_img