admin

spot_img

རྒྱ་ནག་གི་ཐོན་སྐྲུན་ཚད་ཡར་འཕར་མ་ཐུབ་པ། 

རྒྱ་ནག་གི་དཔལ་འབྱོར་སྙན་ཐོ་གསར་བ་ཕྱིར་ཐོན་པ་ལྟར་ན། ད་ལོའི་ཕྱི་ཟླ་ 10 ནང་རྒྱ་ནག་གི་བཟོ་གྲྭ་དག་གིས་བཟོས་པའི་ཐོན་རྫས་ཚད་དང་། ཐོན་ཟོག་དང་ཞབས་ཞུ་ཁྲོམ་རར་བཙོང་བའི་ཚད་དེ་སླར་ཡང་འདས་པའི་ལོ་ 1 རིང་གི་ཚད་གཞི་དམའ་ཤོས་དེར་ལྷུང་།

ཨ་རི་དང་པོར་འཇོག་མཁན་ཚོའི་ནང་འཁྲུག

གྲོས་འཐུས་བུད་མེད་ཀྲེ་ལོར་གྷི་རེ་ནེ་(Taylor Greene)ཡིས། ད་ལྟ་བར་ངས་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ་རྒྱབ་སྐྱོར་བྱས་པ་ཡིན། ཡིན་ན་ཡང་། ད་ལྟ་ཡིག་ཆ་ཚང་མ་ཕྱིར་འདོན་དགོས་པའི་ཐད་ནས་ངའི་ལངས་ཕྱོགས་ལ་འགྱུར་བ་མེད་ཅེས་བཤད། སྒྲོ་ནལ་ཁྲི་རམ་ཕུས་མོ་ལ། རྒྱལ་ཁབ་ལ་ངོ་ལོག་མཁན་གྱི་མིང་འཆལ་བཏགས། 

སྲིད་འཛིན་མཱ་རྡུ་རུ་དྲག་སྤྱོད་པའི་མིང་ཐོའི་ནང་བཅུག 

ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་ལས་བྱེད་དང་། དམག་དཔོན་བཅས་ཚུད་ཡོད་པར་བཤད་པའི་ནགས་ཚོགས་མ་ལག་(Cartel de los Soles)ཞེས་པ། ཕྱི་རྒྱལ་གྱི་དྲག་སྤྱོད་སྒྲིག་འཛུགས་ཀྱི་མིང་ཐོའི་ནང་འཇུག་རྒྱུ་ཡིན་པ་བསྒྲགས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

བདུན་ཕྲག་འདིའི་ནང་ཡུ་ཁུ་རན་གྱི་རྒྱལ་ནང་དུ་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་ཕྱིར་བཏོན་ཅིང་། དེའི་ཁྲོད་སྲིད་འཛིན་ཛེ་ལན་སི་ཀེ་རང་གི་ཐག་ཉེའི་ལས་བྱེད་དང་། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོང་པ་ཆེན་པོ་བཅས་ཚུད་པས། གནས་ཚུལ་འདིས་ཡུ་ཁུ་རན་གྱི་མི་དམངས་ཁྲོད་གྲགས་འགུལ་ཆེན་པོ་བཟོས། 

ཧཱ་མ་སིས་མུ་མཐུད་དུ་དབང་ཆ་འཛིན་ཐབས་བྱེད་བཞིན་པ། 

རོའུ་ཀྲར་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན། ད་ལྟ་ཧཱ་མ་སི་དྲག་དཔུང་གིས། གྷ་ཛ་ས་ཁུལ་གྱི་བྱ་ཤ་སོགས། བཟའ་ཆས་རིན་གོང་ལ་ཚོད་འཛིན་དང་། ཐ་མག་གི་སྟེང་ཁྲལ་རྒྱག་པ་སོགས་བྱེད་བཞིན་པ་བཤད།

ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན།

དེ་རིང་རྒྱ་ནག་གཞུང་གིས། རང་གི་མི་སེར་ཚོ་ཉི་ཧོང་དུ་འགྲོ་རྒྱུ་འཛེམས་དགོས་པ་དང་། གལ་སྲིད་གནམ་གྲུའི་འཛིན་བྱང་སོགས་ཉོས་ཟིན་ཚེ། རིན་མེད་དུ་ཕྱིར་བསློག་ཆོག་ཅེས་ཉེན་བརྡ་བཏང་།

ཁི་ལིན་ཀྲོན་ལའང་ཞིབ་འཇུག་བྱ་དགོས། 

སྒྲོ་ནལ་ཁྲི་རམ་ཕུས། ང་རང་ཨེབ་སི་ཀྲེན་གྱི་གླིང་ཕྲན་སྟེང་གཅིག་ཀྱང་འགྲོ་མ་མྱོང་། ཁི་ལེན་ཀྲོན་ཐེངས་ 28 ལ་ཕྱིན་པ་རེད་ཅེས། སྲིད་འཛིན་ཟུར་བ་ཁི་ལེན་ཀྲོན་ལ་ཞིབ་འཇུག་བྱ་དགོས་པ་བཤད།

Subscribe

- Never miss a story with notifications

- Gain full access to our premium content

- Browse free from up to 5 devices at once

Must read

spot_img