Homeདཔལ་འབྱོར།

དཔལ་འབྱོར།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

ན་གཞོན་ཚོར་སྤྱི་ཚོགས་དྲྭ་རྒྱ་ཚོད་འཛིན།

སྤྱི་ཚོགས་དྲྭ་རྒྱའི་སྟེང་འཁོན་སེམས་ཀྱི་སྐད་ཆ་དང་། འཁྲིག་སྤྱོད་དང་འབྲེལ་བའི་བརྙན་པར་སོགས། བྱིས་པའི་སེམས་ཁམས་འཚར་ལོང་ལ་གནོད་པ་མང་པོ་ཁྱབ་བཞིན་པས། རྒྱལ་ནང་གི་བྱིས་པ་ལོ་ན་ 16 གྱི་འོག་ཅན་དག་ལ་སྤྱི་ཚོགས་དྲྭ་རྒྱ་འགོག་རྒྱུ་ཡིན་པ་བསྒྲགས།

ཨ་སྒོར་ཐེར་འབུམ་ $800 ཡི་བདག་པོར་གྱུར། 

ཨ་རིའི་འབྱོར་ལྡན་ཨེ་ལོན་མ་སི་ཁིའི་མཁའ་དབྱིངས་ཞིབ་འཇུག་བསྟི་གནས་ SpaceX དང་། བཅོས་མའི་རིག་པ་ཞིབ་འཇུག་ཁེ་གཉེར་ xAI གཉིས་ཟླ་བསྒྲིལ་རྗེས། ཨེ་ལོན་མ་སི་ཁི་སྒེར་གྱི་མ་ཤེར་རིན་ཐང་དེ། ཨ་སྒོར་ཐེར་འབུམ་ $800 ལས་བརྒལ།

རྒྱ་གར་དང་ཨ་རིའི་བར་ཚོང་འབྲེལ་གྲོས་མཐུན།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་ཡི་གེ་ཞིག་སྤེལ་བའི་སྙིང་པོར། ཁོ་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཁ་པར་བརྒྱུད་གྲོས་མོལ་བྱས་ཟིན་པ་དང་། རྒྱ་གར་གྱིས་རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་མཚམས་འཇོག་རྒྱུ་དང་། ཨ་རི་དང་གཅིག་བྱས་ན་ཝེ་ནེ་ཛོ་ལ་ནས་རྡོ་སྣུམ་མང་བ་ཉོ་རྒྱུ་ཁས་བླངས་སོང་ཞེས་བཤད།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དམིགས་ཚད།

རྒྱ་ནག་གཞུང་འབྲེལ་གྱི་སྙན་ཐོ་བཏོན་པ་ལྟར་ན། ཕྱི་ལོ་ 2025 ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་དམ། བརྒྱ་ཆ་ 5% གྱུར་ཟིན་པ་བསྒྲགས། དཔལ་འབྱོར་ཡར་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ནི། ཕྱི་རྒྱལ་ལ་ཚོང་ཟོག་ཕོན་ཆེན་བཙོང་གང་ཐུབ་བྱས་པ་ལས་བྱུང་།

རྒྱ་གར་དང་ཡུ་རོབ་བར་ལོ་རྒྱུས་ཀྱི་ཚོང་འབྲེལ་གྲོས་མཐུན་བཞག

དེ་རིང་ཏེ་ཕྱི་ལོ་ 2027 ཟླ་ 1 ཚེས་ 27 ཉིན། རྒྱ་གར་དང་ཡུ་རོབ་མཉམ་འབྲེལ་བར་གཞི་རྒྱ་ཆེ་བའི་རང་དབང་ཚོང་འབྲེལ་གྲོས་མཐུན་བཞག ཡུ་རོབ་ནས་རྒྱ་གར་ལ་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་བརྒྱ་ཆ་ 97% མ་ཟིན་ཙམ་གྱི་སྟེང་ནས་སྒོ་ཁྲལ་བསྙུང་རྒྱུ་ཐག་བཅད།

ཨ་མ་ཛོན་གྱིས་ལས་བྱེད་སྙུང་རྒྱུ། 

བདུན་ཕྲག་རྗེས་མར་དྲྭ་ལམ་ཚོང་གཉེར་ཆེན་མོ་ཨ་མ་ཛོན་གྱིས། བདུན་ཕྲག་རྗེས་མར་ཁོ་ཚོའི་ལས་བྱེད་གྲངས་ 14,000 བསྙུང་རྒྱུ་ཡིན་པ་བསྒྲགས། 

རྒྱ་ནག་གི་བཟོ་ལས་ཁེ་བག་མར་ཟག་པ། 

ད་ལོའི་ཕྱི་ཟླ་ 11 ནང་རྒྱ་ནག་གི་བཟོ་གྲྭ་དག་གི་ཚོང་གི་ཁེ་བག་བརྒྱ་ཆ་ 13.1% མར་ཟག འདི་ནི་འདས་པའི་ལོ་ 1 གི་རིང་བཟོ་གྲྭའི་ཁེ་བག་མར་ཟག་པ་སྡུག་ཤོས་སུ་གྱུར་ཅིང་། ད་ལོའི་ཕྱི་ཟླ་ 10 ནང་ལའང་བརྒྱ་ཆ་ 5.5% མར་ཟག་ཅིང་། ཕྱི་ཟླ་ 11 ནང་དེ་ལས་མར་ཤུགས་ཆེན་ལྷུང་ཟིན་པ་གསལ་བོར་གྱུར།

རྒྱ་ནག་གིས་ཨ་རིའི་སྟེང་ཉེས་ཆད།

ཨ་རིས་ཐེ་ཝན་ལ་གོ་ལག་བཙོང་བའི་ལན་དུ། རྒྱ་ནག་གིས་ཨ་རིའི་གོ་ལག་བཟོ་གྲྭ་ 20 དང་ཁེ་གཉེར་འདི་དག་གི་སྤྱི་གཉེར་གྲངས་ 10 ཡི་སྟེང་ཉེས་ཆད་བཀལ་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གྱི་དཀྱིལ་སྙིང་ལ་ཐུག་པ་ཞིག་ཡིན་ཞེས་བསྒྲགས།

ཨ་རིའི་དཔལ་འབྱོར་སྔོན་དཔག་ལས་བརྒལ་བའི་ཡར་རྒྱས་ཕྱིན།

ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་ཨ་རིའི་རདཔལ་འབྱོར་ཡར་རྒྱས་དེ་བརྒྱ་ཆ་ 4.3% གྱུར། འདི་ནི་འདས་པའི་ལོ་ 3 རིང་གི་དུས་ཡུན་གཅིག་པ་དག་དང་བསྡུར་ན། ཡར་རྒྱས་ཚད་མཐོ་ཤོས་སུ་གྱུར། སྒྲོ་ནལ་ཁྲི་རམ་ཕུས། འདི་ནི་གཙོ་བོ་སྒོ་ཁྲལ་སྲིད་བྱུས་ལ་བརྟེན་ནས་བྱུང་ཡིན་པ་བཤད།