admin

spot_img

ཝེ་ནེ་ཛོ་ལས་ཨ་རིར་རྡོ་སྣུམ་འཚོང་རྒྱུར་ཁས་བླངས་སོང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨ་རི་དང་ཝེ་ནེ་ཛོ་ལའི་བར་དུ། ཝེ་ནེ་ཛོ་ལས་ཨ་རིར་ཨ་སྒོར་ཐེར་འབུམ་ $2 བར་གྱི་རིན་ཐང་རྡོ་སྣུམ་འཚོང་རྒྱུར་གྲོས་མཐུན་ཟིན་པ་བསྒྲགས། དེ་ནི་བཙག་མེད་པའི་རྡོ་སྣུམ་ལྕགས་ཟོ་ས་ཡ་ 30 ནས་ 50 བར་ཡིན་སྲིད་པ་བཤད།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

འབྱུང་འགྱུར་མེ་མཚམས་བཞག་པ་དང་། དབྱིན་ཇི་དང་ཧྥ་རན་སིའི་ངོས་ནས། ཡུ་ཁུ་རན་གྱི་ས་ཁུལ་མང་པོར་དམག་དོན་བསྟི་གནས་འཛུགས་རྒྱུར་གྲོས་མཐུན་ཟིན་པ་བསྒྲགས། དམག་མི་ 15,000 ནས་ 30,000 བཏ་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན།

ཨ་རིས་རཱ་ཤི་ཡའི་གྲུ་གཟིངས་བཟུང་། 

ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་འོག་ཏུ་ཐོ་འགོད་བྱས་ཟིན་པའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་དེ་བཟུང་ཟིན་པ། ད་ལྟ་ཨ་རིའི་གཞུང་གིས་གཏན་འཁེལ། འདི་ནི་ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་དར་ཆ་བཙུགས་པའི་གྲུ་གཟིངས་ཤིག་བཟུང་བ་ཐོག་མ་དེ་གྱུར།

ཡུ་རོབ་ཀྱིས་ཨ་རིར་ཉེན་བརྡ་བཏང་།

གྷི་རེན་ལན་ཀྲི་དང་འབྲེལ་ཧྥ་རན་རིའི་སྲིད་འཛིན་མཇར་མན་གྱི་སྲིད་བློན། ཨི་ཀྲ་ལིའི་སྲིད་བློན། ཕོ་ལན་ཀྲིའི་སྲིད་བློན། སི་པན་གྱི་སྲིད་བློན། དབྱིན་ཇིའི་སྲིད་བློན།  སྒྲེ་མག་རྒྱལ་ཁབ་ཀྱི་སྲིད་བློན་བཅས་ཀྱིས་ཐུན་མོང་བསྒྲགས་གཏམ་ཞིག་སྤེལ།

ཨེ་རན་གྱི་ངོ་རྒོལ་ཁྲོད་མི་ 35 བསད་ཟིན་པ་བཤད།

ཨ་རིས་ཨེ་རན་གྱི་སྟེང་ཐེ་བྱུས་བྱ་རྒྱུར་བསམ་བློ་གཏོང་བཞིན་པའི་གནས་ཚུལ་ཐོན། དེ་དང་ལྷན་ཨེ་རན་གཞུང་གིས་ངོ་རྒོལ་བ་དག་གི་ལས་ནས་འཕྲོག་པའི་གོ་ལག་ཡིན་པར་བཤད་པའི་བརྙན་ཞིག་ཀྱང་ཕྱིར་བཀྲམས།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

སྒྲོ་ནལ་ཁྲི་རམ་ཕུས། ཡུ་ཁུ་རན་གྱིས་ཕུ་ཀྲན་གྱི་སྡོད་གནས་སུ་གཏོར་རྒོལ་བྱས་ཟིན་པར་ཡིད་ཆེས་ཀྱི་མི་འདུག་ཅེས་དངོས་སུ་བཤད། ཨ་རིའི་གསང་ལས་ཀྱིས། ཡུ་ཁུ་རན་གྱིས་དེ་ལྟར་བྱས་མེད་པའི་བསྡོམས་ཚིག་བཀོད། 

མཱ་རྡུ་རོ་ཡིས་རང་ལ་ནག་ཉེས་མེད་ཅེས་བཤད།

ཚེས་ 3 ཉིན་གྱི་ཞོགས་པར་ཨ་རིའི་དམག་དཔུང་། གློ་བུར་མཁའ་ཐོག་ནས་བབས་ཤིང་། ཝེ་ནེ་ཛོ་ལའི་སྲིད་འཛིན་མཱ་རྡུ་རོ་དང་ཁོའི་བཟའ་ཟླ་གཉིས་བཟུང་ཞིང་། ནེའུ་ཡོག་གྲོང་ཁྱེར་དུ་འཁྲིད་ནས་སླེབས་ཟིན་པ་ལྟར། སྐབས་དེར་ཨ་རིའི་དམག་མི་གྲངས་ 200 མ་ཟིན་ཙམ་ཞིག་ཝེ་ནེ་ཛོ་ལའི་རྒྱལ་སའི་ནང་འཛུལ་ཟིན་པ།

Subscribe

- Never miss a story with notifications

- Gain full access to our premium content

- Browse free from up to 5 devices at once

Must read

spot_img