Homeརྒྱལ་སྤྱི།ཨ་རིས་རཱ་ཤི་ཡའི་གྲུ་གཟིངས་བཟུང་། 

ཨ་རིས་རཱ་ཤི་ཡའི་གྲུ་གཟིངས་བཟུང་། 

Date:

ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་འོག་ཏུ་ཐོ་འགོད་བྱས་ཟིན་པའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་དེ་བཟུང་ཟིན་པ། ད་ལྟ་ཨ་རིའི་གཞུང་གིས་གཏན་འཁེལ། འདི་ནི་ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་དར་ཆ་བཙུགས་པའི་གྲུ་གཟིངས་ཤིག་བཟུང་བ་ཐོག་མ་དེ་གྱུར།

ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་འོག་ཏུ་ཐོ་འགོད་བྱས་ཟིན་པའི་རྡོ་སྣུམ་སྐྱེལ་མཁན་གྲུ་གཟིངས་དེ་བཟུང་ཟིན་པ། ད་ལྟ་ཨ་རིའི་གཞུང་གིས་གཏན་འཁེལ། གྲུ་གཟིངས་འདི་འདས་པའི་བདུན་ཕྲག་ 2 རིང་ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་ནང་དུ་བྲོས་ཤིང་ཨ་རིའི་དམག་དཔུང་གིས་རྗེས་འདེད་བྱས། གྲུ་གཟིངས་སྟེང་གི་ལས་བྱེད་ཚོས། གྲུ་གཟིངས་སྲུང་སྐྱོབ་ཆེད་གྲུ་གཟིངས་ཀྱི་མིང་བརྗེས་ཤིང་། རཱ་ཤི་ཡའི་འོག་ཏུ་ཐོ་འགོད་དང་སྟེང་དུ་རཱ་ཤི་ཡའི་དར་ཆ་བཙུགས།

དེ་མ་ཐག་རཱ་ཤི་ཡས། དམག་གྲུ་དང་མཚོ་འོག་གྲུ་གཟིངས་བཏང་ནས་གྲུ་གཟིངས་འདི་སྐྱོབ་ཐབས་བྱས། ཡིན་ན་ཡང་། ད་ལྟ་བྱང་ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་ནང་དུ། ཨ་རིའི་དམག་དཔུང་གྲུ་གཟིངས་འདིའི་སྟེང་བབས་ཤིང་དེ་བཟུང་། གནས་ཚུལ་ཁ་ཤས་ལྟར་ན་ཨ་རིའི་དམག་དཔུང་གིས། གྲུ་གཟིངས་འདི་རཱ་ཤི་ཡའི་དམག་མིའི་མཐོང་ས་ནས་བཟུང་ཟིན་པ་བཤད།

འདི་ནི་ཨ་རིའི་དམག་དཔུང་གིས། རཱ་ཤི་ཡའི་དར་ཆ་བཙུགས་པའི་གྲུ་གཟིངས་ཤིག་བཟུང་བ་ཐོག་མ་དེ་གྱུར། གྲུ་གཟིངས་འདི་ཐོག་མར་ཝེ་ནེ་ཛོ་ལའི་ཕྱོགས་ནས་ལམ་ལ་བུད་ཅིང་། ཨ་རིའི་དམག་དཔུང་གིས་རྗེས་འདེད་བྱས་རྐྱེན། ཨ་ཀྲི་ལན་ཀྲི་ཁི་རྒྱ་མཚོའི་ནང་དུ་བྲོས། གཞན་ཡང་ད་ལྟ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་དམག་དཔུང་གིས། ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས་གཉིས་པ་ཞིག་བཟུང་ཟིན་པ་བསྒྲགས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།