admin

spot_img

ཨ་རྒྱའི་སྲིད་འཛིན་གྱི་གླེང་མོལ། 

ཞེ་ཅེན་ཕིན་གྱིས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཐེ་ཝན་རྒྱ་ནག་ལ་ཕྱིར་ལོག་རྒྱུ་ནི། དམག་འཁྲུག་(འཁྲུག་ཆེན་གཉིས་པ)གི་རྗེས་ཀྱི་རྒྱལ་སྤྱིའི་སྒྲོམ་གཞིའི་ཆ་ཤས་འབྲལ་ཐབས་མེད་པ་ཞིག་རེད་ཅེས་བཤད་ཡོད་ཟེར།

བཅོས་མའི་རིག་པར་རེ་བ་གསར་བ།

བདུན་ཕྲག་སྔོན་མར་ཨ་རིའི་འཕྲུལ་ལག་ཁེ་གཉེར་ཆེན་པོ་ཨིན་ཝེ་སྒྲི་ཡ་(Nvidia)ཡིས། རང་གི་འཆར་ཅན་གྱི་དཔལ་འབྱོར་ཡོང་སྒོའི་སྙན་ཐོ་ཕྱིར་བཏོན། ཁོ་ཚོའི་ཡོང་སྒོའི་སྙན་ཐོ་ལྟར་ན་ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་ཡོང་སྒོ་དེ། དེའི་སྔོན་གྱི་ཟླ་བ་ 3 དང་བསྡུར་ན་བརྒྱ་ཆ་ 62% ཡར་འཕར།

རཱ་ཤི་ཡའི་གནམ་གྲུ་རྩ་ཆེན་ཞིག་གཏོར་ཟིན་པའི་རྣམ་པ།

མདང་དགོང་ཡུ་དམག་གིས། རཱ་ཤི་ཡའི་ཏཱ་གྷན་རོག་ས་ཁུལ་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། གནམ་གྲུའི་བཟོ་གྲྭ་ཞིག་ལ་གཏོར་རྒོལ་ཐེབས་ཤིང་། ཐེངས་འདིའི་གཏོར་རྒོལ་ཁྲོད་རཱ་ཤི་ཡའི་འོད་རླབས་མཚོན་ཆ་ཐོགས་པའི་གནམ་གྲུ་ A-60 1A2 ཞེས་པ་ཞིག་གཏོར་ཟིན་པ་ཚོད་དཔག་བྱེད་ཀྱི་ཡོད་ཅེས། ཡུ་ཁུ་རན་གྱིས་བསྒྲགས།

ཝེ་ནེ་ཛོ་ལའི་མཁའ་དབྱིངས་སུ་གནམ་གྲུ་འཕུར་རྒྱུར་འཛེམས།

ཨ་རིས་ཝེ་ནེ་ཛོ་ལ་རྒྱལ་ཁབ་ལ་རྒོལ་བའི་དམག་དོན་བྱ་འགུལ་རིམ་པ་གསར་བ་ཞིག་ཡོང་རྒྱུའི་ཉི་མ་དག་གི་ནང་འགོ་གཟུག་རྒྱུ་ཡིན་པ། བདུན་ཕྲག་སྔོན་མར་རོའུ་ཀྲར་གསར་ཤོག་གིས་ཨ་རིའི་ལས་བྱེད་ཅིག་གི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད།

ཝང་ཡེའི་སྐད་ཆ་ཐོག་མ།

ཉེ་དུས་ཉི་ཧོང་གྲོས་ཚོགས་སུ་ཉི་ཧོང་གི་སྲིད་བློན་གྱིས། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་ཚུར་རྒོལ་བྱས་ཚེ། དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱི་ཆགས་འཇིག་ལ་ཐུག་པའི་ཉེན་ཁ་ཞིག་དང་། དེས་ཉི་ཧོང་གིས་དམག་དཔུང་བཀོལ་དགོས་བཟོ་སྲིད་ཅེས་བཤད་རྐྱེན། སྤྱང་ཀི་དཔའ་བོ་རུ་འབོད་པའི་རྒྱ་ནག་གི་ལས་བྱེད། ཚིག་རྩུབ་སྤྱོད་མཁན་དག་གིས་ཉི་ཧོང་དང་ཉི་ཧོང་གི་སྲིད་བློན་གྱི་སྟེང་ཁ་རྡུང་དྲག་པོ་གཏོང་འགོ་བཙུགས་ཟིན་པ་ལྟར། ཁ་སང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་རང་གིས་ཐོག་མར་ཁ་གྲགས།

ཧེ་ཛི་བྷོ་ལ་དྲག་དཔུང་གི་གཏེ་དཔོན་ཞིག་བསད། 

ཨེ་ཛི་རལ་གྱི་དམག་དཔུང་གིས། ཁ་སང་བྱང་ཕྱོགས་ཁྱིམ་མཚེས་ལེ་བྷ་ནོན་གྱི་རྒྱལ་ས། བྷེ་རུ་ཏི་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། ཧེ་ཛི་བྷོ་ལ་དྲག་དཔུང་གི་གཏེ་དཔོན་གཙོ་བོའི་གྲས། ཨ་ལེ་ཏ་བྷ་ཏ་བྷའེ་(Haytham Ali Tabatabai)ཞེས་པ་བསད།

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཁ་སང་གཟའ་ཉི་མའི་ཉིན་ཨ་རི་དང་ཡུ་ཁུ་རན་གྱི་ཆེས་མཐོའི་སྐུ་ཚབ་ཚོ། སུད་སིའི་གྲོང་ཁྱེར་རྗེ་ནེ་ཝར་འཛོམས་ཤིང་། ཡིག་ཆ་འདིའི་ཐད་ནང་ཁུལ་གྲོས་མོལ་རིམ་པ་ 2 བྱས། ཐེངས་འདིར་ཨ་རིའི་ཕྱོགས་ནས་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་དང་། ཝི་ཀྲི་ཀོ་ཧྥི་སོགས་ཞུགས་ཡོད་པ་དང་། ཡུ་ཁུ་རན་གྱི་ཕྱོགས་ནས་བདེ་སྲུང་བློན་ཆེན་ཨུ་མེ་རོ་ཝི་དང་། སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་ཡེར་མག་བཅས་ཞུགས་ཡོད་པ་གསལ།

Subscribe

- Never miss a story with notifications

- Gain full access to our premium content

- Browse free from up to 5 devices at once

Must read

spot_img