Homeདཔལ་འབྱོར།འཕྲུལ་རིགབཅོས་མའི་རིག་པར་རེ་བ་གསར་བ།

བཅོས་མའི་རིག་པར་རེ་བ་གསར་བ།

Date:

བདུན་ཕྲག་སྔོན་མར་ཨ་རིའི་འཕྲུལ་ལག་ཁེ་གཉེར་ཆེན་པོ་ཨིན་ཝེ་སྒྲི་ཡ་(Nvidia)ཡིས། རང་གི་འཆར་ཅན་གྱི་དཔལ་འབྱོར་ཡོང་སྒོའི་སྙན་ཐོ་ཕྱིར་བཏོན། ཁོ་ཚོའི་ཡོང་སྒོའི་སྙན་ཐོ་ལྟར་ན་ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་ཡོང་སྒོ་དེ། དེའི་སྔོན་གྱི་ཟླ་བ་ 3 དང་བསྡུར་ན་བརྒྱ་ཆ་ 62% ཡར་འཕར།

འདས་པའི་ཟླ་བ་འགའི་རིང་ཨ་རིའི་ཁེ་གཉེར་ཆེན་པོ་དག་གཙོས།འཛམ་གླིང་གི་འཕྲུལ་རིག་ཁེ་གཉེར་ཆེན་པོ་མང་པོས། བཅོས་མའི་རིག་པ་ཡར་རྒྱས་དང་། ཞིབ་འཇུག་ཆེད་གློག་ཁང་དང་གནས་ཚུལ་བསྟི་གནས་སོགས། འཛུགས་སྐྲུན་སོགས་ཀྱི་ཐད་ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་མང་པོའི་མ་རྐང་ཤུགས་ཆེན་བཞག་ཅིང་། དེ་དང་མཐུན་པའི་ཁེ་ཕན་ཞིག་རེ་ཞིག་མིག་གིས་མཐོང་རྒྱུ་མེད་པས། རེ་བ་གསར་བ་ཞིག་གིས་འདི་ལྟར་མ་འོངས་པའི་ཆེད། མ་རྐང་ཤུགས་ཆེན་འཇོག་བཞིན་པར་རྒྱལ་སྤྱིའི་དཔལ་འབྱོར་ཆེད་མཁས་པ་མང་པོར་སེམས་ཁྲལ་བསླངས།

འདིས་དྲྭ་རྒྱ་ཐོག་མར་དར་སྐབས་ཀྱི་དཔལ་འབྱོར་ཆག་སྒོ་ལྟར། རྒྱལ་སྤྱིའི་དཔལ་འབྱོར་ལ་ཆག་སྒོ་ཞིག་བསློང་སྲིད་པའི་བློ་དོགས་བྱེད།བདུན་ཕྲག་སྔོན་མར་ཨ་རིའི་འཕྲུལ་ལག་ཁེ་གཉེར་ཆེན་པོ་ཨིན་ཝེ་སྒྲི་ཡ་(Nvidia)ཡིས། རང་གི་འཆར་ཅན་གྱི་དཔལ་འབྱོར་ཡོང་སྒོའི་སྙན་ཐོ་ཕྱིར་བཏོན། ཁོ་ཚོའི་ཡོང་སྒོའི་སྙན་ཐོ་ལྟར་ན་ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་ཡོང་སྒོ་དེ། དེའི་སྔོན་གྱི་ཟླ་བ་ 3 དང་བསྡུར་ན་བརྒྱ་ཆ་ 62% ཡར་འཕར་ཅིང་། ཨ་སྒོར་ཐེར་འབུམ་ $57 ཐོབ་པས་གནས་ཚུལ་འདིས་གོང་གི་སེམས་ཁྲལ་འདི་རེ་ཞིག་ཆུང་དུ་བཏང་།

དེ་བཞིན་ཕྱི་ཟླ་ 10 ནས་ཕྱི་ཟླ་ 12 བར་ཏེ། ལོ་མཇུག་ཟླ་བ་ 3 གྱི་རིང་གི་ཡོང་སྒོ་དེ་ཨ་སྒོར་ཐེར་འབུམ་ 65% ལ་འབུད་རྒྱུ་སྔོན་དཔག་བྱས། འདི་ནི་བཅོས་མའི་རིག་པའི་ཁྲོད་མ་རྐང་ཤུགས་ཆེན་འཇོག་མཁན་ཚོར་རེ་ཞིག་སེམས་ལྷོད་ལ་འབབ་བྱེད་ཆེན་པོ་ཞིག་ཏུ་གྱུར། དེའི་རྒྱུ་མཚན་ནི་ཁེ་གཉེར་ཆེན་པོ་འདིས་འཕྲུལ་ལག་ཕྲ་མོའི་རིགས་འཚོང་བཞིན་པ་དང་། ཁོ་ཚོའི་ཐོན་རྫས་ཁྲོམ་རར་བྲིན་བཞིན་པ་དེའི་དོན་ནི། བཅོས་མའི་རིག་པའི་ཐད་མུ་མཐུད་དུ་ཡར་རྒྱས་ཡོད་པ་སྟོན་བཞིན་ཡོད་པས་རེད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།