Homeརྒྱལ་སྤྱི།བྱང་ཨ་རི། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ང་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་བར་འབྲེལ་བ་ཡག་པོ་ཡོད་པ་གཞིར་བྱས། ཨ་རི་དང་ལྷོ་ཀོ་རེ་ཡ་མཉམ་འབྲེལ་གྱི་དམག་སྦྱོང་ཁྲོད་ཨ་རི་ཞུགས་བཞིན་པ་ང་དགའ་བོ་མེད། དམག་སྦྱོང་འདི་ལ་འགྲོ་གྲོན་ཆེན་པོ་དང་རྒྱན་ལྡན་ལྟར་དེ་ཨ་རིས་གཏོང་བཞིན་པ་ཙམ་ཞིག་མ་ཡིན་པར། ང་རང་སྲིད་འཛིན་ཡིན་པའི་རིང་ལ་ཉེན་ཁ་མི་བཟོ་མཁན་གྱི་རྒྱལ་ཁབ་(བྱང་ཀོ་རེ་ཡ)ཅིག་ལ་མི་ལེགས་པའི་རྣམ་འགྱུར་བསྟན་པ་རེད། དེར་བརྟེན། དམག་སྦྱོང་འདི་ཕྱིར་འཐེན་རྒྱུའི་དུས་ཚོད་མེད་ཀྱང་། དམག་སྦྱོང་གི་ཚད་གཞི་སྙུང་དགོས་པ་བཀའ་བཏང་ཟིན་ཞེས་བསྒྲགས།

ད་དུང་ཁོས། ཉེ་དུས་ངས་ལྷོ་ཀོ་རེ་ཡའི་སྲིད་འཛིན་ལ། ཨེ་རན་འདུལ་རྒྱུའི་ཁྲོད་ཞུགས་འདོད་ཡོད་མེད་སྐད་ཆ་དྲིས་པར། ཞུགས་འདོད་མེད། ཐུགས་རྗེ་ཆེ་ཞེས་བཤད་སོང་ཞེས་བྲིས། ཨ་རི་དང་ལྷོ་ཀོ་རེ་ཡ་མཉམ་འབྲེལ་གྱི་དམག་སྦྱོང་ནི། དེ་རིང་ཚེས་ 17 ཉིན་ནས་འགོ་འཛུགས་བཞིན་པ་དང་། འབྱུང་འགྱུར་ཉིན་ 10 ཡི་རིང་བྱ་རྒྱུ། བདུན་ཕྲག་སྔོན་མར་ཨ་རིའི་དམག་སྤྱི་རྗོ་སེབ་ རྗ་རར་སྒྲི་(Joseph Jarrard)ཡིས། བྱང་ཀོ་རེ་ཡའི་དམག་དཔུང་གིས། རྡུལ་མཚོན་འཁྱེར་ནས་བྱང་ཨ་རིའི་སྐམ་སའི་སྟེང་སླེབ་ཐུབ་པ། གླིང་སྙོབས་བྷ་ལི་སི་ཀྲི་ཁི་འཕུར་མདའི་ཚོད་ལྟ་ལེགས་པར་གྲུབ་ཟིན་པའི་ཉེན་བརྡ་བཏང་།

དོན་དངོས་སུ་ཁྱིམ་བརྒྱུད་ཀྱིས་སྲིད་དབང་འཛིན་མཁན་ཀེམ་ཇོང་ཨུན་དང་། ལོ་ 4 རེའི་མཚམས་སུ་བརྗེ་འགྲོ་བའི་ཨ་རིའི་སྲིད་འཛིན་ཞིག་གི་བར་གྲོགས་པོའི་འབྲེལ་བ་ཞིག་སླེབས་ཐབས་མེད་ཀྱང་། སྒྲོ་ནལ་ཁྲི་རམ་ཕུའི་གློ་བུར་བའི་བྱེད་སྟངས་འདིས། ཐབས་བྱུས་ཀྱི་ཆ་ནས་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལ། སྔོན་དཔག་མི་ཐུབ་པའི་ཉེན་ཁ་བཟོ་སྲིད་པ་ཤོད་མཁན་བྱུང་། ལྷོ་བྱང་ཀོ་རེ་ཡ་གཉིས་བར་ཕྱི་ལོ་ 1953 ལོར་མེ་མཚམས་བཞག་ཟིན་ནའང་། དམག་འཁྲུག་དངོས་ད་དུང་ཡང་མཚམས་འཇོག་ཐུབ་མེད་པས། ད་ལྟའང་ལྷོ་ཀོ་རེ་ཡར་ཨ་རིའི་དམག་མི་ 28,500 བསྡད་ཡོད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།

རྒྱ་ནག་གི་སྲིད་བློན་ཟུར་བ་ཀྲུ་རོང་ཅི་ཤི

རྒྱ་ནག་གི་སྲིད་བློན་ཟུར་བ་དང་། རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་ལ་ཤུགས་རྐྱེན་ཆེ་བའི་ཀྲུ་རོང་ཅི་དེ་རིང་རྒྱལ་ས་པེ་ཅིང་དུ་འདས། ད་ལྟ་ཁོ་ལོ་ན་ ༩༧ ཡིན་པ་བཤད། ཁོ་ནི་རྒྱ་ནག་གི་དཔལ་འབྱོར་རྒྱལ་སྤྱི་ཅན་དུ་བསྒྱར་བའི་ཁྲོད་གལ་ཆེན་མི་སྣ་ཞིག་ལ་ངོས་འཛིན།