Homeརྒྱལ་སྤྱི།བྱང་ཨ་རི། ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

Date:

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ། ཕེ་ཀྲེ་ཧོག་སི་ཀྲིར་(Pete Hoekstra)ཁེ་ན་ཀྲར་འདུག་རྒྱུར་དགའ་བསུ་མེད་པ་དང་། ཨ་རིའི་ངོས་ནས་གཞུང་ཚབ་ཆེན་མོ་ཁོ་ཕྱིར་འཐེན་དགོས་པའི་སྙན་ཞུ་ཞིག་གི་སྟེང་། ཁེ་ན་ཀྲའི་མི་ 104,000 ཡིས་མིང་རྟགས་བཀོད་ཅིང་། སྙན་ཞུའི་ཡི་གེ་འདི་ལ་ཁེ་ན་ཀྲའི་གྲོས་ཚོགས་འཐུས་མི་ཨེ་ལེ་ཛི་བྷ་ཐི་མེ་(Elizabeth May)ཡིས་རྒྱབ་སྐྱོར་བྱེད་བཞིན་པ་བཤད། སྙན་ཞུ་འདི་ཉིད་གྲོས་ཚོགས་འཐུས་མི་ཞིག་བརྒྱུད་ནས། གྲོས་ཚོགས་སུ་འབུལ་ཐུབ་པ་དང་། དེ་ལྟར་ན་གོང་གི་གྲོས་འཐུས་འདིས་འབུལ་རྒྱུ་ཡིན་པ་གསལ།

གལ་སྲིད་སྙན་ཞུ་དེ་གྲོས་ཚོགས་སུ་ཕུལ་ཚེ། ཁེ་ན་ཀྲའི་གཞུང་གི་ངོས་ནས་ཉིན་ 45 ཡི་ནང་ཚུད་དུ། ངེས་པར་དུ་འདི་ལ་ལན་སྤྲོད་དགོས་པ་གསལ། ཨ་རིའི་གཞུང་ཚབ་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་རྒྱག་དོན་ནི། མི་འདིས་ཁེ་ན་ཀྲའི་ནང་སྲིད་ཁྲོད་ལག་སྲིང་བཞིན་འདུག་ཅེས་པ་དེ་རེད། ལྷག་པར་སྒྲོ་ནལ་ཁྲི་རམ་ཕུས། ཁེ་ན་ཀྲ་དེ་ཁོས་ཨ་རིའི་མངའ་སྡེ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞེས་བཤད་པའི་སྐད་ཆ་དེར། ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཞིག་བསྟན་ཟིན་པས་ཡིན་པ་གསལ། འདས་པའི་བགྲང་བྱ་མང་པོའི་རང་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་པོ་དེ། འདས་པའི་ལོ་འགའི་ནང་སྡུག་ཏུ་ནས། ད་ལྟ་ཕན་ཚུན་ལ་དོགས་པ་ཟ་དགོས་པའི་ཚད་དུ་ལྷུང་།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

རྒྱ་ནག་གི་སྲིད་བློན་ཟུར་བ་ཀྲུ་རོང་ཅི་ཤི

རྒྱ་ནག་གི་སྲིད་བློན་ཟུར་བ་དང་། རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་ལ་ཤུགས་རྐྱེན་ཆེ་བའི་ཀྲུ་རོང་ཅི་དེ་རིང་རྒྱལ་ས་པེ་ཅིང་དུ་འདས། ད་ལྟ་ཁོ་ལོ་ན་ ༩༧ ཡིན་པ་བཤད། ཁོ་ནི་རྒྱ་ནག་གི་དཔལ་འབྱོར་རྒྱལ་སྤྱི་ཅན་དུ་བསྒྱར་བའི་ཁྲོད་གལ་ཆེན་མི་སྣ་ཞིག་ལ་ངོས་འཛིན།