Homeརྒྱལ་སྤྱི།ཨེ་ཤ་ཡ།ཟས་བཅད་ངོ་རྒོལ་མཚམས་བཞག

ཟས་བཅད་ངོ་རྒོལ་མཚམས་བཞག

Date:

རྒྱ་གར་གྱི་ན་གཞོན་ཞིག་གིས་བཙུགས་པ། ཀོ་ཀི་རོ་ཆི་མི་མང་ཆབ་སྲིད་ཚོགས་པས། རྒྱ་གར་གྱི་སློབ་མའི་ཡིག་རྒྱུག་གི་དྲི་བ་ཕྱི་ལ་ཤོར་ཟིན་པ་དང་འབྲེལ། རྒྱ་གར་དབུས་ཤེས་རིག་བློན་ཆེན་གྱིས་དགོངས་པ་ཞུ་དགོས་པ་དང་། ཤེས་ཡོན་ལ་བསྒྱུར་བཅོས་བྱ་རྒྱུའི་དགོས་འདུན་འོག ཟླ་བ་སྔོན་མ་ནས་རྒྱལ་ས་ལྡི་ལིར་ངོ་རྒོལ་ཞིག་འགོ་བཙུགས་ཟིན་པ་ལྟར། ཟླ་བ་སྔོན་མའི་ཚེས་ 28 ཉིན་ནས་ལ་དྭགས་ཀྱི་ཤེས་ཡོན་ཞབས་ཞུ་བ་དང་། ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་བསོད་ནམས་དབང་ཕྱུག་ཀྱང་། ངོ་རྒོལ་འདིའི་ཁྲོད་ཞུགས་ཤིང་ཟས་བཅད་ངོ་རྒོལ་འགོ་བཙུགས།

ད་ལྟ་ངོ་རྒོལ་འདི་འགོ་བཙུགས་ནས་ཉིན་ 20 འགྲོ་བཞིན་པ་དང་། ཁོའི་ལུས་ཀྱི་ལྗིད་ཚད་སྤྱི་རྒྱ་ 9kg མར་ལྷུང་ཟིན་པ་དང་། མཐར་ལས་འགུལ་བ་གཞན་ཞིག་གིས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱུད། ཁོའི་ལས་འགུལ་འདི་མཚམས་འཇོག་ཏུ་བཅུག་ཅིང་། ཁ་སང་ཞོགས་པའི་ཆུ་ཚོད་ 7:30 ཡི་སྔོན་དུ་ཉེན་རྟོག་པ་སོགས་ཡོང་ནས། བསོད་ནམས་དབང་ཕྱུག་བཙན་གྱིས་སྨན་ཁང་དུ་བསྐྱལ། དེའི་རྗེས་སུ་སྨན་པས། བསོད་ནམས་དབང་ཕྱུག་གི་གཟུགས་པོའི་གནས་སྟངས་བརྟན་པོ་ཡིན་པ་བཤད།འདས་པའི་ཉིན་ 20 ཡི་རིང་བསོད་ནམས་དབང་ཕྱུག་གིས། ཚྭ་དང་ཆུ་ལས་ཟས་གང་ཡང་མ་ཟས་པ་གསལ།

རིམ་གྱིས་ཁོའི་གཟུགས་པོའི་གནས་སྟངས་ཉེན་ཁའི་གནས་སུ་ལྷུང་། དེ་དང་ལྷན་དེ་རིང་ནས་བསོད་ནམས་དབང་ཕྱུག་གི་ཤུལ་དུ། ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པ་འཛུགས་མཁན། ན་གཞོན་ཨ་བྷེ་ཇེ་ཀྲི་(Abhijeet Dipke)ཡིས། དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་འགོ་བཙུགས་ཟིན་པ་དང་། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ངོ་རྒོལ་བྱེད་མཁན་ཚོས། གྲོས་ཚོགས་ཀྱི་ཕྱོགས་སུ་གོམ་བགྲོད་བྱ་རྒྱུ་དང་། སྲིད་བློན་མོ་དྷི་ཡིས་དགོངས་པ་ཞུ་རྒྱུའི་འབོད་སྐུལ་ཞུ་རྒྱུར་འཆར་གཞི་ཡོད་པ་བསྒྲགས།

See less

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།