Homeརྒྱལ་སྤྱི།ཡུ་རོབ་ཀྱི་སྟེང་སྒོ་ཁྲལ་འགེལ་རྒྱུ་ཕྱིར་འཐེན།

ཡུ་རོབ་ཀྱི་སྟེང་སྒོ་ཁྲལ་འགེལ་རྒྱུ་ཕྱིར་འཐེན།

Date:

ཁ་སང་སྒྲོ་ནལ་ཁྲི་རམ་ཕུ་སུད་སིར་ཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་སླེབས་ཤིང་། ཁོ་དང་ནུབ་ཆིངས་ཀྱི་དྲུང་ཆེ་མར་ཀི་རུ་ཀྲད་གཉིས་ཐུག དེའི་རྗེས་སུ་སྒྲོ་ནལ་ཁྲི་རམ་ཕུས། ཡུ་རོབ་ཀྱི་སྟེང་འགེལ་རྒྱུའི་སྒོ་ཁྲལ་རེ་ཞིག་ཕྱིར་འཐེན་ཟིན་པ་བཤད།

སྒྲེ་མག་རྒྱལ་ཁབ་དང་གྷི་རེན་ལན་ཀྲིའི་མངའ་ཁོངས་བདག་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན། ཞེས་ཡུ་རོབ་ཀྱི་དབུ་ཁྲིད་ཚོས་བཤད་ཅིང་དམག་མིའང་ཉུང་ངུ་ཞིག་གྷི་རེན་ལན་ཀྲིའི་སྟེང་བཏང་རྗེས། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས་འདི་ལ་ཁོང་ཁྲོའི་རྣམ་འགྱུར་དང་བཅས། ད་ལོའི་ཕྱི་ཟླ་ 2 ཚེས་ 1 ཉིན་ནས། གོང་གི་རྒྱལ་ཁབ་འདི་དག་ནས་ཨ་རིའི་རྒྱལ་ནང་དུ་ཡོང་བཞིན་པའི་ཚོང་ཟོག་ཚང་མའི་སྟེང་སྒོ་ཁྲལ་བརྒྱ་ཆ་ 10% རེ་དགལ་རྒྱུ་དང་། ཕྱི་ཟླ་ 6 ཚེས་ 1 ནས་རྒྱལ་ཁབ་འདི་དག་གི་སྟེང་བཀལ་བའི་སྒོ་ཁྲལ་དེ། བརྒྱ་ཆ་ 10% ནས་བརྒྱ་ཆ་ 25% ལ་ཡར་སྤར་རྒྱུ་ཡིན་ཞེས་བསྒྲགས། ཡུ་རོབ་ཀྱིས་ཀྱང་འདིའི་ལན་དུ་ཨ་རིའི་ཚོང་ཟོག་ཨ་སྒོར་ཐེར་འབུམ་ $90 ཡི་སྟེང་སྒོ་ཁྲལ་དགལ་རྒྱུའི་ཉེན་བརྡ་བཏང་།

ཡིན་ན་ཡང་། ཁ་སང་སྒྲོ་ནལ་ཁྲི་རམ་ཕུ་སུད་སིར་ཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་སླེབས་ཤིང་། ཁོ་དང་ནུབ་ཆིངས་ཀྱི་དྲུང་ཆེ་མར་ཀི་རུ་ཀྲད་གཉིས་ཐུག དེའི་རྗེས་སུ་སྒྲོ་ནལ་ཁྲི་རམ་ཕུས། ང་དང་མར་ཀི་རུ་ཀྲད་བར་གྱི་གྲུབ་འབྲས་ལྡན་པའི་གྲོས་མོལ་སྟེང་གཞིར་བཞག་ནས། འབྱུང་འགྱུར་གྱི་གྷི་རེན་ལན་ཀྲི་དང་། ཨར་ཀྲི་ཁི་ས་ཁུལ་སྤྱི་དང་འབྲེལ་འཆར་གཞི་ཞིག་བསྒྲིགས་ཟིན། གལ་སྲིད་འཆར་གཞི་འདི་མངོན་གྱུར་བྱུང་ཚེ། འདི་ནི་ཨ་རི་དང་ནུབ་ཆིངས་གཉིས་ལ་ཧ་ཅང་ཡག་པོ་ཞིག་ཏུ་འགྱུར་ངེས་ཡིན། འདི་ལ་གཞིར་བཞག་ནས་ད་ལོའི་ཕྱི་ཟླ་ 2 ཚེས་ 1 ཉིན་ཡུ་རོབ་རྒྱལ་ཁབ་དག་གི་སྟེང་སྒོ་ཁྲལ་དགལ་རྒྱུ་དེ་ཕྱིར་འཐེན་རྒྱུ་ཡིན་ཞེས་བཤད།

དེ་བཞིན་སྒྲོ་ནལ་ཁྲི་རམ་ཕུས། གྷི་རེན་ལན་ཀྲི་ཐོབ་ཐབས་ཆེད་དྲག་པོའི་དམག་དཔུང་བཀོལ་རྒྱུ་མིན་ཞེས་དང་། གླིང་ཕྲན་འདི་ཨ་རི་དང་ནུབ་ཆིངས་ཀྱི་བདེ་སྲུང་ཆེད་ཡིན་པ་ལས། དེའི་སྟེང་དུ་ཡོད་མེད་མི་ཤེས་པའི་གཏེར་རྫས་ཀྱི་ཆེད་མིན་ལ། ང་ཚོར་གཏེར་རྫས་མང་པོ་ཡོད་པས་དེ་དགོས་དོན་ཡང་མེད་ཅེས་ཐེངས་འདིར་སུད་སིར་བཤད། དབྱིན་ཇིའི་ཀྲེ་ལེ་གྷི་ར་ཧྥི་གསར་ཤོག་ལྟར་ན། སྒྲོ་ནལ་ཁྲི་རམ་ཕུ་དང་ནུབ་ཆིངས་དྲུང་ཆེ་གཉིས་ཀྱི་འཆར་གཞིའི་སྙིང་པོ་ནི། གྷི་རེན་ལན་ཀྲིའི་སྟེང་དུ། ཨ་རིའི་དམག་དོན་བསྟི་གནས་འཛུགས་རྒྱུའི་ས་ཆ་ཁ་ཤས་ཤིག་ཨ་རིར་དུས་གཏན་དུ་སྤྲད་རྒྱུ་དང་། ལྷག་མ་གླིང་ཕྲན་སྤྱིའི་བདག་དབང་དེ་སྔར་བཞིན་སྒྲེ་མག་ལ་ཡོད་པ་བྱ་རྒྱུ་དེ་ཡིན་པ་བཤད།

དེ་བཞིན་ཐེངས་འདིར་སླར་ཡང་སྒྲོ་ནལ་ཁྲི་རམ་ཕུས། རང་གི་ཕ་རྒན་མཇར་མན་གྱི་མི་དང་། ཨ་མ་ཨེར་ལན་ཀྲི་ནས་ཡིན་པས་རང་ཉིད་ཡུ་རོབ་ལ་བརྩེ་བ་ཆེ་བ་དང་། ཡུ་རོབ་དང་ཨ་རི་གཉིས་ནུབ་ཕྱོགས་དཔལ་ཡོན་གྱིས་སྦྲེལ་ཡོད་པ་ལ། འདས་པའི་ལོ་མང་པོའི་རིང་ཡུ་རོབ་ཀྱི་སྐྱབས་བཅོལ་སྲིད་བྱུས་ཀྱི་རྐྱེན་པས། ཕྱི་མི་མང་པོ་ནང་དུ་བླུག་བཅུག་པས། ད་ལྟ་ཡུ་རོབ་ཀྱི་རྒྱལ་ཁབ་དུ་མའི་ངོ་བོ་འགྱུར་ནས་ངོས་འཛིན་མི་ཐུབ་པ་འགྱུར་བཞིན་པ་སོགས། ཡུ་རོབ་ཀྱི་ཕྱི་མི་སྲིད་བྱུས་ལ་སྐྱོན་བརྗོད་དང་།
དེ་བཞིན་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ཡུ་རོབ་ཀྱིས་ཉི་གློག་དང་། རླུང་གློག་མང་པོ་བཟོ་བཞིན་པ་ནི་དཔལ་འབྱོར་གྱི་ཐད་ནས་རང་སྲོག་གཅོད་བཞིན་པ་ལྟ་བུ་ཡིན་པ་ཤུགས་ཆེན་བཤད།

ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས་ཀྱང་། ཡུ་རོབ་དེ་རང་གིས་སྐྲུན་པའི་རིག་གཞུང་(ཕྱི་མི་ལ་གུ་ཡངས་སོགས།)ནས་རིང་དུ་གྱེས་དགོས། གཞན་ཁོ་ཚོས་རང་ཉིད་མེད་པ་བཟོ་རྒྱུ་རེད། ང་ཚོས་ནུས་པ་ལྡན་པའི་མཐུན་གྲོགས་ཤིག་ལས། ནུས་མེད་ཀྱི་མཐུན་གྲོགས་ཤིག་མི་འདོད་ཅེས་བཤད། ཨར་ཇིན་ཀྲི་ནའི་སྲིད་འཛིན་ཧཱ་ཝེར་མེ་ལེ་ཡིས། ནུབ་ཕྱོགས་ཀྱི་དཔལ་ཡོན་ནི་གནའ་བོའི་གྷི་རེ་སིའི་མཚན་ཉིད་རིག་པ་དང་། གནའ་བོའི་རོ་མན་གྱི་ཁྲིམས་ལུགས། རྗོའུ་དང་ཡེ་ཤུ་ཆོས་ལུགས་ཀྱི་རིན་ཐང་བཅས་དཀྱིལ་སྙིང་ཡིན་པ་དང་། འདི་དག་སྲུང་སྐྱོབ་དགོས་པ་ཤུགས་ཆེན་བཤད། ནུབ་ཕྱོགས་ཀྱི་དཔལ་ཡོན་ནི་འདི་ལྟར་ངོས་འཛིན་བྱེད་མཁན་དེང་རབས་ཀྱི་ཆབ་སྲིད་པ་ཐོག་མ་དེ། ཨི་ཀྲ་ལིའི་སྲིད་བློན་ལྕམ་རྗོར་ཇི་མེ་ལོ་ནེ་གྱུར།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།