Homeགལ་ཆེན་གསར་འགྱུར།རཱ་ཤི་ཡ་དང་ཡུ་ཁུ་རན་གྱི་དམག་འཁྲུག

རཱ་ཤི་ཡ་དང་ཡུ་ཁུ་རན་གྱི་དམག་འཁྲུག

Date:

(ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། ད་ལྟའི་དམག་འཁྲུག་འདི་མཇུག་མ་བསྡུས་སྔོན། ཕུ་ཀྲན་གྱིས་ཡུ་རོབ་རྒྱལ་ཁབ་གཞན་ཞིག་གི་སྟེང་ཚུར་རྒོལ་བྱ་རྒྱུ་ཡིན་པ་དང་། ད་ལྟ་ཕུ་ཀྲན་ཕྱིར་ནུར་རྒྱག་ས་མེད་པའི་གནས་སྟངས་ཧ་ཅང་ངན་པ་ཞིག་གི་ནང་དུ་ལྷུང་འདུག་ཅེས་བཤད།)

རཱ་དམག་གིས། ཡུ་ཁུ་རན་གྱི་ས་ཁུལ་དག་ལ་མཐའ་ཐོག་ནས་གཏོར་རྒོལ་ཁྲོད། རྒྱལ་ས་ཁེ་ཝུ་དང་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཁར་ཁེ་ཝུ་བཅས་ཀྱི་གློག་ཆུ་ཚོད་ 9 ཡས་མས་རིང་བཅད། ཛེ་ལན་སི་ཀེ་ལ་ནུབ་ཕྱོགས་ཀྱི་གསར་ཁང་ཞིག་གིས་བཅར་འདྲི་བྱེད་བཞིན་པའི་སྐབས་སུའང་གློག་ཆད། དེ་བཞིན་རཱ་དམག་གིས། ཡུ་ཁུ་རན་གྱི་པོལ་ཏ་ཝ་ས་ཁུལ་གྱི་མེ་འཁོར་འབབ་ཚུགས་ཆེན་པོ་ཞིག་ལ་གཏོར་རྒོལ་བྱས། 

རཱ་དམག་གིས། ཡུ་ཁུ་རན་གྱི་རྡོ་ཉད་སི་ཀི་ས་ཁུལ་གྱི་ཕོ་ཁོ་རོ་ཝི་སི་ཀི་གྲོང་ཁྱེར་ཧྲིལ་བོ་འཕྲོག་ཆེད། མུ་མཐུད་དུ་འཐབ་བཞིན་པ་དང་ད་ལྟ་རཱ་དམག་གིས། ཡུ་དམག་གི་ལམ་ཀ་གཅོད་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་ལྟར། ཡུ་ཁུ་རན་གྱི་སྤྱི་ཁྱབ་དམག་སྤྱི་སར་སི་ཀེ་ཡིས། ཕོ་ཁི་རོ་ཝི་སི་ཀི་གྲོང་ཁྱེར་གྱི་གཡུལ་འགྱེད་དང་འབྲེལ་ང་ཚོར་འཆར་གཞི་ཁ་ཤས་ཤིག་ཡོད། ད་ལྟ་རཱ་ཤི་ཡས་ཕྱོགས་འདིར་དམག་མི་ཁྲི་ 5 སྤུངས་འདུག་ཅེས་བཤད། ད་ལྟ་ཡུ་ཁུ་རན་གྱིས། དམག་མི་གསར་བ་དང་གོ་ལག་མང་བ་ཕྱོགས་འདིར་གཏོང་བཞིན་པའི་གནས་ཚུལ་ཐོན།

ཡུ་དམག་གིས། རཱ་ཤི་ཡའི་ཝོ་རོ་ནི་ཤི་ས་ཁུལ་གྱི་གློག་ཁང་གསར་ཤོས་ཤིག་ལ་འཕུར་མདའ་ 3 གྱིས་གཏོར་རྒོལ་བྱས། གློག་ཁང་གསར་བ་འདི་ནི་ཕྱི་ལོ་ 2019 ལོར་གྲུབ་ཡིན་པ་བཤད། ཡུ་དམག་གིས། ཁི་རཱ་མེ་ཡ་གླིང་ཕྲན་གྱི་རྡོ་སྣུམ་མཛོད་ཁང་ཞིག་ལ་གཏོར་རྒོལ་བྱས།
གཞན་ཡང་བྷེལ་གྷོ་རོ་ཀྲི་ས་ཁུལ་གྱི་གློག་ཁང་ཞིག་དང་། ཁཱ་ཛན་ས་ཁུལ་གྱི་བཟོ་གྲྭ་ཞིག  ཏ་གྷ་རོག་ས་ཁུལ་གྱི་གློག་ཁང་ཞིག་བཅས་ལ་གཏོར་རྒོལ་གྱིས་ས་ཁུལ་མང་པོའི་གློག་བཅད། 

•. རཱ་ཤི་ཡའི་ལྕགས་ཁྲབ་འཁོར་ལོ་དང་། མེ་འཁོར་བཟོ་གྲྭ་ཆེན་པོ་ཨུ་རལ་ཝ་གྷོན་ཛ་ཝོ་ཀྲི་(Uralvagonzavod)ཞེས་པས། ཕྱི་ལོ་ 2026 ཟླ་ 2 པའི་བར། ལས་མིའི་བརྒྱ་ཆ་ 10% ཉུང་འཕྲི་བྱ་འཆར་ཡོད་པ་དང་། སྡེ་ཚན་ཁ་ཤས་སུ་ལས་མིའི་གྲངས་བརྒྱ་ཆ་ 50% སྙུང་འཆར་ཡོད་པ་བཤད། དེའི་རྒྱུ་མཚན་གཙོ་བོ་ནི་ཕྱི་ལོ་ 2022 ནས་ཕྱི་ལོ་ 2023 བར་གཞུང་གིས་བཟོ་གྲྭ་འདིར་མ་རྐང་ཆེན་པོ་བཞག་ཟིན་པ་ལ། ད་ལྟ་གཞུང་གིས་མ་རྐང་འཇོག་ཐུབ་ཀྱི་མེད་པས་ཡིན་པ་གསལ། ད་ལྟ་རཱ་ཤི་ཡའི་དཔལ་འབྱོར་གྱི་སྒུལ་ཤུགས་གཙོ་བོ་ནི། རང་བྱུང་ཐོན་ཁུངས་ཕྱིར་འཚོང་ལས་གཞན། དམག་འཁྲུག་གི་ཆེད་བཙུགས་པའི་གོ་ལག་བཟོ་གྲྭ་དག་ཡིན་པ་ངོས་འཛིན།

•. དེ་དང་ལྷན་རཱ་ཤི་ཡས། རྒྱལ་ནང་གི་བཟོ་གྲྭ་སོགས་ལ་ལས་མི་དང་བླང་བ་ཧ་ཅང་མང་པོ་བསྡུ་རྒྱུའི་འགོ་བཙུགས་ཟིན་པའི་གནས་ཚུལ་ཐོན། འདི་ནི་དོན་དངོས་སུ་དམག་སྐུལ་ལྟ་བུ་ཞིག་ཏུ་དབྱེ་ཞིབ་པ་ཚོས་མཐོང་བཞིན་ནའང་། རཱ་ཤི་ཡའི་གཞུང་གིས་འདི་ནི་དམག་འཁྲུག་རང་གི་ཆེད་དུ་མིན་པའི་རྣམ་འགྱུར་བསྟན་ཅིང་། ད་ལྟ་སྒུག་ཐོའི་ནང་དུ་ཡོད་པའི་དམག་མི་དག་བསྡུ་རྒྱུའི་ལས་འགུལ་འདི་ནི། རཱ་ཤི་ཡའི་ས་ཁུལ་ཆེན་པོ་ 20 ལ་ཁྱབ་བཞིན་པའི་གནས་ཚུལ་ཐོན། འདི་དང་འབྲེལ་བའི་བཀའ་རྒྱའི་ཡིག་ཆར། ཟླ་བ་འདིའི་ཚེས་ 4 ཉིན་སྲིད་འཛིན་ཕུ་ཀྲན་གྱིས་མིང་རྟགས་བཀོད། 

•. དེ་རིང་སླར་ཡང་སྦེལ་རྗམ་གྱི་ཉིང་རྡུལ་གློག་ཁང་ཆེན་མོ་(Doel nuclear plant)ཞེས་པའི་མཁའ་དབྱིངས་སུ། ངོས་འཛིན་མ་ཐུབ་པའི་སྒྲི་རོན་ཞིག་འཕུར་བཞིན་པ། ཧྥ་རན་སིའི་གསར་ཤོག་ལེ་ ཧྥི་གྷ་རོ་ཡི་སྟེང་གནས་ཚུལ་བཀོད། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། ད་ལྟའི་དམག་འཁྲུག་འདི་མཇུག་མ་བསྡུས་སྔོན། ཕུ་ཀྲན་གྱིས་ཡུ་རོབ་རྒྱལ་ཁབ་གཞན་ཞིག་གི་སྟེང་ཚུར་རྒོལ་བྱ་རྒྱུ་ཡིན་པ་དང་། ད་ལྟ་ཕུ་ཀྲན་ཕྱིར་ནུར་རྒྱག་ས་མེད་པའི་གནས་སྟངས་ཧ་ཅང་ངན་པ་ཞིག་གི་ནང་དུ་ལྷུང་འདུག་ཅེས་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།