Homeརྒྱལ་སྤྱི།ཨ་ཧྥེ་རི་ཀསོ་མ་ལི་ལན་ཀྲི་རང་བཙན་དུ་ངོས་འཛིན།

སོ་མ་ལི་ལན་ཀྲི་རང་བཙན་དུ་ངོས་འཛིན།

Date:

ཨེ་ཛི་རལ་གྱིས་ཨ་ཧྥེ་རི་ཀའི་སོ་མ་ལི་ལན་ཀྲི་དེ། རྒྱལ་ཁབ་ཅིག་ཡིན་པ་གཞུང་འབྲེལ་ངང་ངོས་འཛིན་བྱས་ཟིན་པ་བསྒྲགས། དེ་ལྟར་ན་ཨེ་ཛི་རལ་ནི་སོ་མ་ལི་ལན་ཀྲི་དེ་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་མཁན་ཐོག་མ་དེ་གྱུར། དེ་མ་ཐག་རྒྱལ་སྤྱིའི་ཁ་ཆེ་རྒྱལ་ཁབ་ཚོས་ཨེ་ཛི་རལ་གྱི་ཐག་གཅོད་ལ་འདི་ལ་སྐྱོན་བརྗོད་དྲག་པོ་བྱས། ཏུར་ཀེ་གཞུང་གིས། ཨེ་ཛི་རལ་གྱི་ཐག་གཅོད་འདིས། ས་ཁུལ་སྤྱི་དང་རྒྱལ་སྤྱིའི་སྟེང་བརྟན་ལྷིང་མེད་པ་བཟོ་ངེས་རེད་ཅེས་བསྒྲགས། ཨ་ཧྥེ་རི་ཀ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ 55 ཡིས། ཨེ་ཛི་རལ་གྱི་ཐག་གཅོད་འདི་ངོས་ལེན་བྱ་རྒྱུ་མིན་པ་བསྒྲགས།

སོ་མ་ལི་ལན་ཀྲི་(Somaliland)ཞེས་པ་འདི་ནི། སོ་མ་ལི་ཡ་རྒྱལ་ཁབ་ཀྱི་བྱང་ཕྱོགས་དང་། ཡེ་མན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ས་ཁུལ་ཞིག་དང་། དོན་དངོས་སུ་སོ་མ་ལི་ཡ་དང་གཅིག་གྱུར་ཡིན་པ་ལ། མི་སེར་སྤེལ་ཡུལ་གྱི་དུས་སྐབས་སུ། ད་ལྟའི་སོ་མ་ལི་ཡ་རྒྱལ་ཁབ་འདི་ཨི་ཀྲ་ལིའི་དབང་སྒྱུར་དང་། བྱང་ཕྱོགས་ཀྱི་ས་ཁུལ་ད་ལྟའི་སོ་མ་ལི་ལན་ཀྲི་ཞེས་པ་འདི་དབྱིན་ཇིའི་དབང་སྒྱུར་འོག་ཏུ་གནས། ཕྱི་ལོ་ 1960 ལོར་ས་ཁུལ་འདི་གཉིས་ཟླ་བསྒྲིལ་གྱིས་སོ་མ་ལི་ཡ་རྒྱལ་ཁབ་བཙུགས།

ཡིན་ན་ཡང་། ནང་ཁུལ་སྲིད་དོན་རྙོག་ཟིང་གི་རྐྱེན་པས། ཕྱི་ལོ་ 1991 ལོར་སོ་མ་ལི་ཡའི་དབུས་གཞུང་ནུས་མེད་དུ་གྱུར་ཅིང་། དེ་དང་ལྷན་ནང་ཁུལ་དམག་འཁྲུག་བྱུང་བས། བྱང་ཕྱོགས་ཀྱི་ས་ཁུལ་སོ་མ་ལི་ལན་ཀྲི་ཡིས་རང་ཉིད་རང་བཙན་ཡིན་པ་ཁྱབ་བསྒྲགས་བྱས། ད་ལྟ་བར་རྒྱལ་ཁབ་གང་གིས་ཀྱང་ཁོ་ཚོའི་རང་བཙན་ཡིན་པ་ངོས་འཛིན་མ་བྱས་ཀྱང་། འཛིན་སྐྱོང་དང་བདེ་འཇགས། ཁྲིམས་ལུགས་སོགས་ཀྱི་ཐད་ནས་སོ་མ་ལི་ཡ་རྒྱལ་ཁབ་ལས་ཧ་ཅང་ཡག་པོ་གྱུར་ཅིང་། ཁོ་ཚོར་མི་གྲངས་ས་ཡ་ 6 ཡས་མས་ཡོད་པ་མ་ཟད། གཞུང་དང་གྲོས་ཚོགས། དངུལ་སྒོར་སོགས་ཡོད་པ་གསལ།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།