Homeརྒྱལ་སྤྱི།ཨ་མེ་རི་ཀསྦི་སྦི་སི་གསར་ཁང་ཁྲིམས་ལ་གཏུག

སྦི་སྦི་སི་གསར་ཁང་ཁྲིམས་ལ་གཏུག

Date:

གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། དབྱིན་ཇིའི་སྦི་སྦི་སི་གསར་ཁང་ཁྲིམས་ལ་གཏུག་ཅིང་། ཁོ་ཁྲིམས་ཐོག་ནས་རྒྱལ་ཚེ། གུན་གསབ་ཨ་སྒོར་ཐེར་འབུམ་ $10 སྤྲོད་དགོས་པ་བཤད།

གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། དབྱིན་ཇིའི་སྦི་སྦི་སི་གསར་ཁང་ཁྲིམས་ལ་གཏུག གྱོད་དོན་དེ་རིགས་གཉིས་སུ་བཀར་བ་དང་། གལ་སྲིད་གསར་ཁང་འདི་ཁྲིམས་ཐོག་ནས་ཕམ་ཚེ། གྱོད་དོན་རེ་རེ་ལ་གུན་གསབ་ཨ་སྒོར་ཐེར་འབུམ་ $5 རེ་བཅས། ཁྱོན་ཁོ་ལ་གུན་གསབ་ཨ་སྒོར་ཐེར་འབུམ་ $10 སྤྲོད་དགོས་ཞེས་བྲིས་ཡོད་པ་གསལ།

རྒྱབ་ལྗོངས་ནི། ལོ་སྔོན་མ་སྟེ་ཨ་རིའི་སྲིད་འཛིན་འོས་བསྡུའི་སྔོན་ཏག་ཏག་ལ། སྦི་སྦི་སི་གསར་ཁང་གིས་བཟོས་པའི་བརྙན་ཞིག་ཕྱིར་བཀྲམས། དེའི་ནང་དུ་ཕྱི་ལོ་ 2021 ཟླ་ 1 ཚེས་ 6 ཉིན་སྒྲོ་ནལ་ཁྲི་རམ་ཕུས་རང་གི་རྒྱབ་སྐྱོར་བ་ཚོར་གཏམ་བཤད་བྱས་པ་ཞིག་བཀོད། ཁོའི་སྐད་ཆ་གཏུབ་ནས་སྒྲིག་སྦྱོར་བྱས་པ་བརྒྱུད། ཁོས་རང་གི་རྒྱབ་སྐྱོར་བ་ཚོར་དྲག་ཟིང་སློང་དགོས་པའི་སྐུལ་མ་གཏོང་བཞིན་པ་ལྟ་བུ་ཞིག་བཟོས།

ཉེ་དུས་སྦི་སྦི་སི་གསར་ཁང་གི་ལས་བྱེད་ཚོའི་ནང་ཁུལ་གྱི་ཡིག་ཆ་ཞིག་ཕྱིར་ཤོར་ཅིང་། དེའི་ནང་དུ་གསར་ཁང་འདིའི་སློབ་སྟོན་པ་ཞིག་གིས། སྦི་སྦི་སིའི་བྱེད་སྟངས་འདི་ལ། སྲིད་དོན་ཕྱོགས་ལྷུང་གི་ཆ་ཡོད་པའི་བློ་ཚབས་ཀྱི་སྐད་ཆ་ཞིག་ཡོད་པ་གསལ། སྒྲོ་ནལ་ཁྲི་རམ་ཕུས་སྐད་ཆ་འདི་གཞི་རྩར་བཟུང་ནས་གསར་ཁང་ཁྲིམས་ལ་གཏུག སྦི་སྦི་སི་གསར་ཁང་གིས་ཁོ་ལ་དགོངས་དག་ཀྱང་ཞུས་ཟིན།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།