Homeརྒྱལ་སྤྱི།ཨེ་ཤ་ཡ།སྲིད་བློན་ཟུར་བར་སྲོག་ཁྲིམས་བཅད།

སྲིད་བློན་ཟུར་བར་སྲོག་ཁྲིམས་བཅད།

Date:

བྷང་ལ་རྡི་ཤིའི་དམིགས་བསལ་ཁྲིམས་ཁང་ཞིག་གིས། སྲིད་བློན་ཟུར་བ་ལྕམ་ཤེ་ཁི་ ཧཱ་སེ་ན་ལ་སྲོག་ཁྲིམས་བཅད། ནག་ཉེས་གཙོ་བོ་ཞིག་ནི་ལོ་སྔོན་མར་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱས་པ་དེ་བགྲངས། 

བྷང་ལ་རྡི་ཤིའི་དམིགས་བསལ་ཁྲིམས་ཁང་ཞིག་གིས། སྲིད་བློན་ཟུར་བ་ལྕམ་ཤེ་ཁི་ ཧཱ་སེ་ན་ལ་སྲོག་ཁྲིམས་བཅད། ནག་ཉེས་གཙོ་བོ་ཞིག་ནི་ལོ་སྔོན་མར་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱས་པ་དེ་གྱུར། ཁྲིམས་ཁང་གི་ཐག་གཅོད་འདི་ཕྱིར་བསྒྲགས་པ་དང་། ཁྲིམས་ཁང་གི་ཕྱི་ནང་གཉིས་སུ་ཡོད་པའི་མི་ཚོས་དགའ་བའི་འབོད་སྒྲ་བསྒྲགས།

ལོ་སྔོན་མར་རྒྱལ་ཁབ་འདིར་ངོ་རྒོལ་གྱིས་སྲིད་འགྱུར་བསླངས་རྗེས། སྲིད་བློན་ལྕམ་ཤེ་ཁི་ ཧཱ་སེ་ན་(Sheikh Hasina)རྒྱ་གར་དུ་བྲོས་ནས་སླེབས་ཤིང་། ད་ལྟ་རྒྱ་གར་དུ་སྐྱབས་བཅོལ་ནས་བསྡད་ཡོད་པའི་མཚམས། ཁྲིམས་ཁང་གི་ཐག་གཅོད་འདིའི་ཐད་མོ་རང་གིས། འདི་ནི་བར་བརྒལ་གཞུང་གིས། མོ་རང་གི་ཆབ་སྲིད་ཚོགས་པ་(Awami League)ནུས་མེད་བཟོ་ཐབས་དང་། ཆབ་སྲིད་ཀྱིས་ཀུན་ནས་བསླངས་པའི་བྱ་སྤྱོད་ཅིག་ཡིན་པ་བསྒྲགས།

ད་དུང་མོས། བདེན་དཔང་དང་བཅས་ཁྲིམས་ཞིབ་ངོ་མ་ཞིག་བྱས་ན།དེར་གདོང་གཏོད་རྒྱུར་ང་ལ་འཇིགས་སྣང་གང་ཡང་མེད་ཅེས་དང་། བྷང་ལ་རྡི་ཤིའི་ཁྲིམས་ཁང་གི་བྱ་སྤྱོད་འདིའི་ཐད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གྱོད་གཏུག་བྱ་རྒྱུ་ཡིན་པ་བསྒྲགས། གཞན་ཡང་མོས། ངས་སྲིད་དབང་བཟུང་བའི་སྐབས། རྒྱལ་ནང་དུ་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱས་པའི་ཐད་སྤོབས་པ་ཡོད་ཅེས་བསྒྲགས།

བྷང་ལ་རྡི་ཤིའི་ཁྲིམས་ཁང་གི་ཐག་གཅོད་འདིས། ཕྱི་འབྲེལ་གྱི་ཆ་ནས་རྒྱ་གར་ལ་ཅུང་དོགས་མི་བདེ་བ་བཟོས་ཟིན་པ་དང་། ད་ལྟ་མོ་རང་རྒྱ་གར་དུ་ཡོད་པ་ལ། བྷང་ལ་རྡི་ཤི་གཞུང་གིས་མོ་ཕྱིར་བསློག་དགོས་ཞེས་རྒྱ་གར་གཞུང་ལ་སྔར་རེ་སྐུལ་ཞུས་ཟིན་པ་ལ། ཐག་གཅོད་འདིའི་རྗེས་སུ་ཡང་བསྐྱར་རེ་སྐུལ་ཞུས་ཟིན་པ། རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད།ཐག་གཅོད་འདི་ལ་ནང་ཁུལ་སྲིད་དོན་འཐབ་རྩོད་ཀྱི་ཆ་ཡོད་པ་འགྲེལ་ཆོག་པས། རྒྱ་གར་གྱིས་དེ་རྒྱུ་མཚན་དུ་བྱས་ནས། མོ་རང་ཕར་མ་སྤྲད་ཀྱང་དེ་ལྟར་ལམ་ཀ་ཡོད་པ་དབྱེ་ཞིབ་པ་ཚོས་བཤད།

དེར་བརྟེན་རྒྱ་གར་གཞུང་གིས་མོ་རང་ཕར་སྤྲོད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱིན་མེད་པ་གསལ། རྒྱ་གར་གཞུང་འབྲེལ་གྱིས། ང་ཚོས་བྷང་ལ་རྡི་ཤི་ཡའི་མི་དམངས་ཀྱི་ཁེ་ཕན་དང་མང་གཙོ། ཞི་བདེ་དང་བརྟན་ལྷིང་གི་ཆེད་གང་ཐུབ་བྱ་རྒྱུའི་ཆོད་སེམས་ཡོད་ཅེས་བསྒྲགས་པ་ལས། མོ་ཕྱིར་སྤྲོད་མིན་ཐད་གང་ཡང་མ་བསྒྲགས། བྷང་ལ་རྡི་ཤི་ནི་རྒྱ་གར་གྱི་ཁྱིམ་མཚེས་ཡིན་པས། ས་ཁམས་ཆབ་སྲིད་ཀྱི་ཆ་ནས་རྒྱ་གར་ལ་གལ་ཆེ་བའི་རྒྱལ་ཁབ་ཅིག་ལ་ངོས་འཛིན།

◼️ གནས་ཚུལ་འདིའི་བྱུང་རིམ་མདོ་ཙམ་ནི། ཕྱི་ལོ་ 1971 ལོར་བྷང་ལ་རྡི་ལི་ཤི་དེ་པཱ་ཀི་སི་ཐན་གྱི་འོག་ནས་རང་བཙན་ཐོབ། སྐབས་དེར་རང་བཙན་འཐབ་རྩོད་གྱི་དམག་འཁྲུག་ཁྲོད་ཞུགས་མཁན། དམག་ཟུར་བྱས་རྗེས་ཅན་དག་ལ་ཐོབ་ཐང་དམིགས་བསལ་ཞིག་སྤྲད་ཅིང་། དེ་ནི་གཞུང་གི་ལས་ཀ་བརྒྱ་ཆ་ 30% ནི། དམག་ཟུར་འདི་དག་དང་འདི་དག་གི་བུ་བརྒྱུད་དག་གིས་འཛིན་ཆོག་པ་བཟོས།

དུས་ཚོད་རིང་དུ་ཕྱིན་པ་དང་འདིས་མི་སེར་བྱིངས་ལ་གཞུང་གི་ལས་ཀ་རོགས་རྒྱུ་ཁག་ཏུ་བཏང་ཞིང་། ལས་ཀ་གལ་ཆེ་བ་དག་ནི་སྤྱི་ཚོགས་ཀྱི་སྡེ་ཁག་ཆུང་ངུ་ཞིག་གིས་སྒེར་བདག་བྱས་ཡོད་པའི་སྣང་ཚུལ་དྲང་པོ་མ་ཡིན་པ་ཞིག་རང་བཞིན་གྱིས་གྲུབ་ཏུ་བཅུག་ཟིན་པ་གསལ། འདི་ལ་མི་རྣམས་སྔར་ནས་ཡིད་ཚིམས་ཀྱི་མེད་པ་ལ། ལོ་སྔོན་མའི་དཀྱིལ་ནས་གཙོ་བོ་ན་གཞོན་ཚོས་ངོ་རྒོལ་ཤུགས་ཆེན་བྱས་ཤིང་མཐར་བདེ་སྲུང་མི་སྣ་དང་ངོ་རྒོལ་བའི་བར་གདོང་ཐུག་གིས། མི་ 1,400 ཡས་མས་བསད་ཟིན་པ་ཚོད་རྩིས་བྱས། གནས་ཚུལ་དེའི་རྐྱེན་པས་སྲིད་བློན་རྒྱ་གར་དུ་བྲོས་ཤིང་། ཆབ་སྲིད་དེ་རེ་ཞིག་བར་བརྒལ་གཞུང་ཞིག་གིས་བཟུང་།

བུད་མེད་སྲིད་བློན་ཟུར་བ་ལྕམ་ཤེ་ཁི་ ཧཱ་སེ་ན་(Sheikh Hasina)
ཞེས་པ་འདིའི་ཕ་རྒན་ཤེ་ཁེ་ མུ་ཇེ་བྷུར་ ར་མན་(Sheikh Mujibur Rahman)ཞེས་པ་ནི། བྷང་ལ་རྡི་ཤི་རྒྱལ་ཁབ་ཐོག་མར་འཛུགས་མཁན་གཙོ་བོ་དང་། བྷང་ལ་རྡི་ཤིའི་སྲིད་བློན་ཐོག་མ་དེ་ཡིན་པ་ལ། ཕྱི་ལོ་ 1975 ལོར་དམག་དཔུང་གིས་གྱེན་ལོག་བྱས་པ་བརྒྱུད། ཕ་རྒན་གཙོས་ནང་མི་ཕལ་ཆེ་བ་སྡེབ་གསོད་བྱས་ཟིན་པ་དང་། མོ་རང་སྐབས་དེར་ཕྱི་རྒྱལ་དུ་ཡོད་པས་གསོད་མ་ཐུབ་པ་གསལ།

ཕྱི་ལོ་ 1981 ལོར་མོ་ཕྱིར་བྷང་ལ་རྡི་ཤིར་སླེབས་ཤིང་། གོང་གི་ཆབ་སྲིད་ཚོགས་པ་འདིའི་དབུ་ཁྲིད་དུ་གྱུར། ཕྱི་ལོ་ 1996 ལོར་མོའི་ཆབ་སྲིད་ཚོགས་པར་གྲོས་ཚོགས་སུ་རྒྱལ་ཁ་ཐོབ་རྐྱེན་མོ་རང་སྲིད་བློན་དུ་གབསྐོས། དེའི་རྗེས་སུ་ཕྱི་ལོ་ 2009 ལོར་མོ་རང་སྲིད་སྟེགས་སུ་ཐེངས་གཉིས་པར་སླེབས་ཤིང་། དུས་དེ་ནས་བཟུང་ཕྱི་ལོ་ 2024 བར་བསྟུད་མར། སྲིད་བློན་ཐེངས་ 4 ལ་བྱས་ཟིན་པ་གསལ། མི་རབས་རྒན་པའི་ཁྲོད་དུ་མོ་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་ལ། དུས་ཡུན་རིང་བའི་དབང་སྒྱུར་ཁྲོད་སྤྱིར་རྒྱལ་ཁབ་ཀྱི་གཞུང་ཞབས་ལམ་ལུགས་ལ། གོང་གི་དཀའ་ངལ་འདི་ཡོད་པ་ལ། ལྐོག་ཟ་སོགས་ཀྱི་གནད་དོན་ཆེ་བ་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།