Homeརྒྱལ་སྤྱི།ཨ་མེ་རི་ཀསྲིད་འཛིན་མཱ་རྡུ་རུ་དྲག་སྤྱོད་པའི་མིང་ཐོའི་ནང་བཅུག 

སྲིད་འཛིན་མཱ་རྡུ་རུ་དྲག་སྤྱོད་པའི་མིང་ཐོའི་ནང་བཅུག 

Date:

ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་ལས་བྱེད་དང་། དམག་དཔོན་བཅས་ཚུད་ཡོད་པར་བཤད་པའི་ནགས་ཚོགས་མ་ལག་(Cartel de los Soles)ཞེས་པ། ཕྱི་རྒྱལ་གྱི་དྲག་སྤྱོད་སྒྲིག་འཛུགས་ཀྱི་མིང་ཐོའི་ནང་འཇུག་རྒྱུ་ཡིན་པ་བསྒྲགས།

སླར་ཡང་ཨ་རིའི་དམག་དཔུང་གིས། ཞི་བདེ་རྒྱ་མཚོའི་ཤར་ཕྱོགས་སུ་ནག་ཚོགས་ཀྱི་ཡིན་པར་བཤད་པའི་གྲུ་གཟིངས་ཤིག་ལ་གཏོར་རྒོལ་དང་། དེའི་སྟེང་དུ་ཡོད་པའི་མི་ 3 བསད་ཟིན་པའི་གནས་ཚུལ་ཐོན། ད་ལྟ་བར་ཨ་རིའི་དམག་དཔུང་གིས། ཞི་བདེ་རྒྱ་མཚོ་དང་ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་གྲུ་གཟིངས་ 24 ཡས་མས་ཀྱི་སྟེང་གཏོར་རྒོལ་བྱས། ཨ་རི་ལྟར་ན་འདི་དག་ནི་མཚོ་ཐོག་བརྒྱུད་ཉལ་ཐ་འདྲེན་མཁན་གྱི་ནག་ཚོགས་ཡིན་པ་བཤད། དེ་དང་ལྷན་མདང་དགོང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་ལས་བྱེད་དང་། དམག་དཔོན་བཅས་ཚུད་ཡོད་པར་བཤད་པའི་ནགས་ཚོགས་མ་ལག་(Cartel de los Soles)ཞེས་པ། ཕྱི་རྒྱལ་གྱི་དྲག་སྤྱོད་སྒྲིག་འཛུགས་ཀྱི་མིང་ཐོའི་ནང་འཇུག་རྒྱུ་ཡིན་པ་བསྒྲགས།

མར་ཀོ་རུ་བྷེའོ་ཡིས། ཐག་གཅོད་འདི་ཉིད་ཟླ་བ་འདིའི་ཚེས་ 24 ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བཤད། ད་དུང་ཁོས། ཚོགས་པ་འདི་ནི་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་ཁྲིམས་འགལ་སྲིད་འཛིན། མཱ་རྡུ་རོ་རང་གིས་འགོ་འཁྲིད་ཡོད་པ་དང་། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དག་རུལ་སོང་དུ་བསྒྱུར་བ་དང་། ཁོ་ཚོས་ཐད་ཀར་དྲག་སྤྱོད་སྤེལ་བ། གཞན་དང་ལྷན་དྲག་སྤྱོད་སྤེལ་བ་མ་ཟད། ཨ་རི་དང་ཡུ་རོབ་ཏུ་ཉལ་ཐ་འདྲེན་པའི་འགན་ཚོགས་པ་འདིར་ཡོད་པ་བཤད། དེ་ལྟར་ན་ཨ་རིའི་གཞུང་གིས། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་་སྲིད་འཛིན། སྒེར་གཅོད་པ་མཱ་རྡུ་རོ་དྲག་སྤྱོད་པའི་མིང་ཐོའི་ནང་བཅུག་ཟིན་པ་ཡིན། ད་ལོའི་ཕྱི་ཟླ་ 7 པའི་ནང་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཀྱང་། ཚོགས་པ་འདི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དྲག་སྤྱོད་པའི་ཁོངས་སུ་བཞག་ཟིན།

ཡིན་ན་ཡང་། སི་ཨན་ཨན་གསར་ཁང་ལྟར་ན་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར། ད་ལྟ་ཨ་རིའི་དམག་དཔུང་གིས། ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྐམ་སའི་སྟེང་ཕར་རྒོལ་བྱ་རྒྱུར་ཁྲིམས་ལུགས་ཀྱི་གཞིའམ་རྒྱབ་རྟེན་མེད་པ་དང་། ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་སྤུངས་བའི་ཨ་རིའི་གོ་ལག་དང་། དམག་དཔུང་ལ་མཱ་རྡུ་རོ་སྲིད་སྟེགས་ནས་གཡུག་རྒྱུའི་ནུས་པ་འདང་ངེས་མེད་ཅེས་བཤད་ཟིན་པའི་གནས་ཚུལ་བཀོད། ད་ལྟ་པོར་ཏོ་རི་ཀོ་རྒྱལ་ཁབ་ཏུ་ཨ་རིའི་མཁའ་དམག་གི་གནམ་གྲུ་མང་པོ་འཕུར་བཞིན་པའི་གནས་ཚུལ་ཐོན། ནེའུ་ཡོག་དུས་བབ་ལྟར་ན། མཱ་རྡུ་རོ་ཡིས་སྒྲོ་ནལ་ཁྲི་རམ་ཕུ་ལ། ཨ་རི་ལ་རྡོ་སྣུམ་ལྕགས་ཟོ་ཐེར་འབུམ་ 300 འཚོང་ཆོག་ཅེས་ལྐོག་ནས་བཤད་ཀྱང་། སྒྲོ་ནལ་ཁྲི་རམ་ཕུས་དེར་མ་ཉན་པར། འཐབ་འཛིང་གནམ་གྲུ་འཁྱེར་བའི་གྲུ་གཟིངས་ཕྱོགས་འདིར་བཏང་བ་ཡིན་པ་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།