Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་གྱི་ཚོང་གྲོགས་དག་གི་སྟེང་ཉེས་ཆད།

ཨེ་རན་གྱི་ཚོང་གྲོགས་དག་གི་སྟེང་ཉེས་ཆད།

Date:

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་གཞུང་གིས་ངོ་རྒོལ་བ་དག་ལ་དྲག་གནོན་བྱས་པའི་ཉེས་ཆད་དུ། ཨེ་རན་དང་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་ཚང་མའི་སྟེང་། སྒོ་ཁྲལ་བརྒྱ་ཆ་ 25% དགལ་རྒྱུ་ཐག་བཅད་ཟིན་པ་བསྒྲགས།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་གཞུང་གིས་ངོ་རྒོལ་བ་དག་ལ་དྲག་གནོན་བྱས་པའི་ཉེས་ཆད་དུ། ཨེ་རན་དང་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་ཚང་མའི་སྟེང་། སྒོ་ཁྲལ་བརྒྱ་ཆ་ 25% དགལ་རྒྱུ་ཐག་བཅད་ཟིན་པ་བསྒྲགས། ཨེ་རན་དུ་ཡོད་པའི་ཨ་རིའི་མི་སེར་དག་ཕྱི་ལ་ཐོན་དགོས་པ་དང་། ཐོན་མ་ཐུབ་ཀྱང་བདེ་འཇགས་ཡིན་སའི་གནས་ལ་འགྲོ་དགོས་པ་ཨ་རིས་ཉེན་བརྡ་བཏང་།

ཨ་རིའི་ལས་བྱེད་ཅིག་གིས་དཀྱིལ་ཤར་གྱི་དབྱིན་སྐད་གསར་ཁང་ཨལ་ཇེ་ཛེ་ར་ལ། དཀྱིལ་ཤར་དུ་ཡོད་པའི་ཨ་རིའི་དམག་དཔུང་གིས། ཛ་དྲག་བྱ་འགུལ་ཅི་ཞིག་སྤེལ་དགོས་ཀྱང་། སྤེལ་རྒྱུར་གྲ་སྒྲིག་གྲུབ་ཟིན་པ་བཤད།ཨེག་སོ་སི་ལྟར་ན། སྒྲོ་ནལ་ཁྲི་རམ་ཕུ་ཨེ་རན་གཞུང་གིས་ངོ་རྒོལ་བ་གསོད་བཞིན་པའི་ཉེས་ཆད་དུ། ཨེ་རན་གྱི་སྟེང་གཏོར་རྒོལ་བྱ་རྒྱུའི་ཕྱོགས་སུ་འགྲོ་བཞིན་པ་བཤད།

ཕོ་བྲང་དཀར་པོའི་མགྲིན་ཚབ་པས། གཏོར་རྒོལ་བྱ་རྒྱུ་དེ་ཅོག་ཙེའི་སྟེང་དུ་ཡོད་པའི་གདམ་ཀ་ཞིག་ཡིན་ནའང་། ཕྱི་འབྲེལ་གྱི་ལམ་ནས་དཀའ་ངལ་སེལ་རྒྱུ་དང་པོ་འཇོག་གི་ཡོད་ཅེས་བཤད། སྒྲོ་ནལ་ཁྲི་རམ་ཕུས། ཨེ་རན་གྱིས་ཚུར་འབྲེལ་བ་བྱེད་ཀྱི་འདུག་ཅེས་བཤད་ཟིན་པ་ལྟར། གཟའ་ཉི་མའི་ཉིན་ཨེ་རན་ཕྱི་སྲིད་བློན་ཆེན་གྱིས། སྒྲོ་ནལ་ཁྲི་རམ་ཕུའི་དཀྱིལ་ཤར་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་ལ་འབྲེལ་བ་བྱས་ཡོད་པ་གསལ།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།