Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་རན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ།

ཨེ་རན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ།

Date:

ཨེ་རན་གྱི་དངུལ་སྒོར་རིན་ཐང་མར་ཆག་ཅིང་། རྒྱལ་ནང་གི་ཚོང་ཟོག་གི་རིན་གོང་ཤུགས་ཆེན་ཡར་འཕར་བ་ལ་བརྟེན་ནས། རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་ཞིང་། གཞུང་གིས་ངོ་རྒོལ་བ་ཚོ་དང་གྲོས་མོལ་བྱ་འདོད་ཡོད་པ་བསྒྲགས།

ཨེ་རན་གྱི་དངུལ་སྒོར་རིན་ཐང་མར་ཆག་ཅིང་། རྒྱལ་ནང་གི་ཚོང་ཟོག་གི་རིན་གོང་ཤུགས་ཆེན་ཡར་འཕར་བ་ཐད་ཀའི་རྒྱུ་མཚན་དུ་གྱུར་བའི་འོག གཟའ་ཉི་མ་ནས་རྒྱལ་ས་ཐེ་རན་གྱི་ཁྲོམ་ར་གཙོ་བོ་རུ་ཚོང་ཁང་སྒོ་བརྒྱབས་པ་སོགས། ཚོང་པ་ཚོས་ངོ་རྒོལ་ཞིག་གི་འགོ་བཙུགས་ཤིང་། རིམ་གྱིས་ངོ་རྒོལ་དེ་དཔལ་འབྱོར་ཙམ་ལས་བརྒལ་དེ་ཆབ་སྲིད་བཅོས་བསྒྱུར་དགོས་པའི་འབོད་སྒྲ་བསྒྲགས་པའི་ངོ་རྒོལ་ཞིག་ཏུ་གྱུར། སློབ་ཆེན་དག་གི་སློབ་མ་མང་པོའང་ངོ་རྒོལ་ཁྲོད་ཞུགས།

ད་ལྟ་རྒྱལ་ས་ཐེ་རན་གཙོས་ས་ཁུལ་ 31 ནས་ 21 གི་གཞུང་གི་ལས་ཁུངས་དང་ཚོང་ལས། སློབ་གྲྭ་སོགས་ཚང་མ་སྒོ་བརྒྱབས་ཟིན་པའི་གནས་ཚུལ་ཐོན། ཨེ་རན་དུ་མི་སེར་གྱིས་ངོ་རྒོལ་རིམ་པར་བྱས་ཤིང་། ངོ་རྒོལ་མཐའ་མ་དེ་ཕྱི་ལོ་ 2022 ཟླ་ 9 ཚེས་ 16 ཉིན་ཁ་ཆེ་ཀུན་སྤྱོད་ཉེན་རྟོག་པས། བུ་མོ་ལོ་ན་ 22 ཅན་མིང་ལ་མཱ་ས་ཨ་མེ་ནེ་ཞེས་པ་ཞིག་གིས། མགོ་རས་ཚད་ལྡན་མ་གྱོན་པ་རྒྱུ་མཚན་དུ་བགྲངས་ཤིང་རྡུང་ནས་བསད་རྐྱེན། རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བསླངས།

ཨེ་རན་གྱི་ཁ་ཆེ་གསར་བརྗེ་དམག་དཔུང་གིས། ངོ་རྒོལ་འདིར་དྲག་གནོན་ཚབས་ཆེན་བྱས་ཤིང་། ངོ་རྒོལ་ནང་ཞུགས་མཁན་གྲངས་ 520 ལོ་དེར་དཔྱང་ཐག་བརྒྱབས་ནས་སྲོག་ཁྲིམས་བཅད་ཅིང་། དེའི་རྗེས་སུ་མི་ 832 ལ་སྲོག་ཁྲིམས་ལག་བསྟར་བྱས། ངོ་རྒོལ་འདི་དང་འབྲེལ་མི་ 19,262 བཟུང་ཟིན་པའི་གནས་ཚུལ་ཐོན། གནས་ཚུལ་འདིས་མི་དམངས་ཁྲོད་ཁོང་ཁྲོ་གནོན་མི་ཐུབ་པ་ཞིག་བསླངས། ད་ལོར་ཨེ་ཛི་རལ་དང་ཨེ་རན་བར་མཁའ་ཐོག་ནས་གཏོར་རྒོལ་སྐབས་ཀྱང་། ཨེ་རན་གྱི་རྒྱལ་དུ་ངོ་རྒོལ་འདྲ་མིན་བྱུང་ཡང་། དེ་དག་ཞོར་དུ་དྲག་པོས་མནན་ཟིན་པ་གསལ།

ཡིན་ན་ཡང་། ད་ལོར་ཨེ་ཛི་རལ་དང་ཨེ་རན་བར་ཉིན་ 12 རིང་གི་འཐབ་འཛིང་ཁྲོད། ཨེ་ཛི་རལ་གྱིས་ཨེ་རན་གྱི་ཆེས་མཐོའི་མི་སྣ་དང་ཚན་རིག་པ་སོགས་མང་པོ་བསད་ཅིང་། ཅུང་ཙམ་མིན་ན་ཨེ་རན་གྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏུ་ལ་ཡི་སྲོག་འཆོར་གྲབས་བྱས། དམག་འཁྲུག་འདིས་ཨེ་རན་གཞུང་གི་ཞན་ཆ་ཕྱིར་བཏོན་ཅིང་། མི་དམངས་ཁྲོད་ཨེ་རན་གྱི་གཞུང་དེ། བྲག་རི་ལྟར་སྒུལ་མི་ཐུབ་པ་ལྟ་བུ་ཞིག་ཡིན་པའི་སྣང་བ་དེ་ཡལ་དུ་བཅུག་ཟིན་པ་གསལ། ཡ་མཚན་པ་ཞིག་ལ་ཐེངས་འདིར་ཨེ་རན་གཞུང་གིས་ཐད་ཀར་དྲག་གནོན་བྱ་རྒྱུའི་ཚབ་ཏུ། ངོ་རྒོལ་བ་ཚོ་དང་ལྷན་གྲོས་མོལ་བྱེད་འདོད་ཡོད་པ་བསྒྲགས།

ད་ལྟ་ཨ་རིར་ཡོད་པའི་ཨེ་རན་གྱི་རྒྱལ་སྲས་ཀྱིས། གོ་སྐབས་འདི་བཟུང་ནས་མི་དམངས་ཀྱིས། ད་ལྟའི་ཁ་ཆེ་ཐལ་མཐའ་གཞུང་འདི་མགོ་གཏིང་སློག་རྒྱུར་འབོད་སྐུལ་ཞུས། འདི་ནི་དུས་ལ་བབས་པའི་བྱ་བ་ཞིག་ཡིན་པ་བྲིས། ཕྱི་ལོ་ 1979 ལོ་བར་རྒྱལ་ཁབ་འདི་རྒྱལ་བོའི་ལམ་ལུགས་ཡིན་པ་ལ། ཁ་ཆེ་ཆོས་དཔོན་རུ་ཧོ་ལ་(Ayatollah Ruhollah Khomeini)ཞེས་པས། ཕྱི་རྒྱལ་ནས་གསང་བའི་ངང་འགོ་འཁྲིད་པའི་འོག ཨེ་རན་གྱི་རྒྱལ་བོའི་སྲིད་དབང་མཇུག་བསྡུས་ཤིང་། ཨེ་རན་དེ་ཁ་ཆེའི་ཆོས་དཔོན་ཚོས། ཆོས་ཁྲིམས་ལྟར་བསྐྱངས་པའི་རྒྱལ་ཁབ་ཅིག་ཏུ་གྱུར།

རྒྱལ་བོའི་ཁྱིམ་ཚང་ཕྱི་རྒྱལ་དུ་བྲོས་ཤིང་མཐར་རྒྱལ་བོ་ཕྱི་རྒྱལ་དུ་འདས། ཁོའི་རྒྱལ་སྲས་རེ་ཛ་པ་ལ་ཝེ་(Reza Pahlavi)ཞེས་པ། ད་ལྟ་གཙོ་བོར་ཨ་རིར་བསྡད་ཡོད་པ་གསལ། དུས་དེ་ནས་བཟུང་ཁ་ཆེའི་ཆོས་པ་ཚོས་གཙོ་བོ་བཟུང་བའི་རྒྱལ་ཁབ་འདི་ནི། དཀྱིལ་ཤར་གྱི་ཁ་ཆེ་དྲག་དཔུང་དག་གི་རྒྱབ་རྟེན་གཙོ་བོ་ཞིག་ཏུ་གྱུར། བོད་ཀྱི་ལོ་རྒྱུས་འགར་བཀོད་པའི་སྟག་གཟིག་གམ། ཏ་ཟིག་ཅེས་པའང་འདི་ཡིན་པ་ཤོད་མཁན་ཡོད་པའི་ཨེ་རན་ནི། གནའ་བོའི་རྒྱལ་ཁབ་སྟོབས་ཆེན་པར་ཤེ་ཡ་(Persia)ཞེས་པ་ཡིན་པ་དང་། ཕྱི་ལོ་དུས་རབས་ 7 ནང་ཁ་ཆེ་དམག་དཔུང་གིས་ཡུལ་འདིར་བཙན་འཛུལ་བྱས། རིམ་གྱིས་རྒྱལ་ཁབ་འདི་ནི་ཁ་ཆེའི་ཆོས་བརྒྱུད་ཤེ་ཡའི་རྗེས་སུ་འཇུག་མཁན་ཞིག་ཏུ་གྱུར།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།