Homeགལ་ཆེན་གསར་འགྱུར།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

•. ཁ་སང་རཱ་དམག་གིས། ཡུ་ཁུ་རན་གྱི་ཁར་ཁེ་ཝུ་དང་པོལ་ཏ་ཝ་མངའ་སྡེ་བཅས་ལ། འཕུར་མདའ་འདྲ་མིན་གྲངས་ 35 དང་སྒྲི་རོན་ 60 བཏང་ནས་གཏོར་རྒོལ་བྱས་ཤིང་། དེའི་ཁྲོད་རླངས་རྫས་བསྟི་གནས་ཤིག་ལ་གཏོར་རྒོལ་ཐེབས། མདང་དགོང་ནས་དེ་རིང་ཞོགས་པ་བར་རཱ་དམག་གིས། སྒྲི་རོན་ 109 དང་ཨི་སི་ཀན་ཀྲར་འཕུར་མདའ་ 3 བཅས་འཕངས་ཟིན་པ་དང་། འདི་དག་ལས་སྒྲི་རོན་ 73 ཡུ་དམག་གིས་བཀག་ཟིན་ནའང་། སྒྲི་རོན་ 36 དང་འཕུར་མདའ་ 3 གྱིས་དམིགས་འབེན་ 21 ལ་གཏོར་རྒོལ་བྱས་ཟིན་པ་ཡུ་ཁུ་རན་གྱིས་བཤད།

•. གཞན་ཡང་རཱ་དམག་གི་ཚུར་རྒོལ་ཁྲོད། རྡོ་ཉད་སི་ཀི་ས་ཁུལ་གྱི་ཀར་མ་ཏོར་སི་ཀི་གྲོང་བརྡལ་(Kramatorsk)གྱི་གློག་ཁང་ལ། ཨི་སི་ཀན་ཀྲར་འཕུར་མདས་གཏོར་རྒོལ་ཐེབས། དེའི་རྐྱེན་པས་གྲོང་བརྡལ་འདི་དང་སི་ལོ་ཝེན་སི་ཀི་གྲོང་བརྡལ། རྡི་རུ་ཤི་ཀེ་ཝི་ཀ་(Druzhkivka)
བཅས་ཀྱི་ཁང་ཁྱིམ་ 50,000 ཡི་གློག་བཅད་ཟིན་པ་བཤད། ད་ལྟ་སྟོན་ཀ་ཡིན་པས། ཡུ་རོབ་ཤར་ཕྱོགས་སུ་གནམ་གཤིས་གྲང་མོ་འགོ་འཛུགས་བཞིན་པ་གསལ། ཐེངས་འདིའི་གཏོར་རྒོལ་ཁྲོད་ཧྥ་རན་སིའི་གསར་འགོད་པ་ཞིག་ཀྱང་བསད། གནས་ཚུལ་འདི་ཧྥ་རན་སིའི་སྲིད་འཛིན་གྱིས་ཀྱང་གཏན་འཁེལ་ཞིང་། འབྲེལ་ཡོད་ནང་མི་དང་ལས་གྲོགས་ཚོར་མྱ་ངན་ཞུ་ཚིག་བསྐུར།

•. རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན་གྱིས། ད་ལོའི་ཕྱི་ཟླ་ 9 བའི་ནང་གཅིག་བུར་གཡུལ་སར་ཡུ་དམག་ 44.700 ཤི་རྨས་ཐེབས་ཟིན་པ་དང་། དེ་དག་ལས་ཕྱེད་ཀ་ཕྱིར་ཡོང་མེད་པར་གྱུར་ཟིན་པ་རེད་ཅེས་དང་། ཡུ་ཁུ་རན་གྱིས་བཙན་སྐུལ་གྱིས་དམག་མི་གྲངས་ 18.500 བསྡུས་ཟིན་པ་དང་། སྨན་ཁང་ནས་དམག་མི་རྨས་མ་གྲངས་ 14.500 ཕྱིར་གཡུལ་སར་བཏང་ཟིན་པ་བཤད། ད་དུང་ཁོས། རཱ་དམག་གིས་མདུན་བསྐྱོད་ཐུབ་བཞིན་པ་དང་ལྷན། དེར་གདོང་ལེན་ཆེད་གཏོང་རྒྱུ་ཡུ་ཁུ་རན་ལ་དམག་མི་ཉུང་དྲགས་རྐྱེན། དམག་མི་མང་པོར་སྦྱོང་བརྡར་ཚད་ལྡན་མ་སྤྲད་པར་མགྱོགས་པོར་གཡུལ་སར་གཏོང་དགོས་འགྱུར་བཞིན་འདུག ཁོ་ཚོ་གྲོས་མོལ་གྱི་ཅོག་ཙེའི་འགྲམ་ལ་ཡོང་རྒྱུར་ང་ཚོར་རེ་བ་ཡོད་ཅེས་བཤད།

•. ཡུ་དམག་གིས། རཱ་ཤི་ཡའི་རྒྱལ་ནང་ལ་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། ཝོ་རོ་ནེ་ཤི་མངའ་སྡེ་རུ་གནམ་སྲུང་འོད་རླབས་མ་ལག་ P-14F
ཞིག་དང་། འོད་རླབས་ལྟ་ཞིབ་མ་ལག་ Sopka-2 ཅིག་བཅས་གཏོར།གཞན་ཡང་རོ་སི་ཏོ་ཝི་ས་ཁུལ་དུ་ཡོད་པའི་གནམ་སྲུང་མ་ལག་Buk-M1 ཞིག་གཏོར། དེ་བཞིན་སླར་ཡང་ལེ་ནེན་གྷི་ར་ཀྲི་ས་ཁུལ་(Leningrad)
གྱི་རྡོ་སྣུམ་བཟོ་གྲྭ་ཞིག་ལ་གཏོར་རྒོལ་ཐེབས། རྡོ་སྣུམ་བཟོ་གྲྭ་འདི་ནས་ལོ་རེར་རྡོ་སྣུམ་ཏུན་ས་ཡ་ 6 ཡས་མས་ཐོན་སྐྲུན་བྱེད་བཞིན་པ་བཤད།

•. མོ་སི་ཁོའི་དུས་བབ་ལྟར་ན། བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་རཱ་ཤི་ཡའི་སྲིད་འཛིན་ཕུ་ཀྲན། ལྷོ་ཕྱོགས་གྲོང་ཁྱེར་སོ་ཆི་(Sochi)རུ་ཡོད་སྐབས། ཡུ་དམག་གིས་སྒྲི་རོན་གྱིས་གྲོང་ཁྱེར་འདིར་གཏོར་རྒོལ་བྱས་ཟིན་པ་དང་། ཕུ་ཀྲན་གྱིས་གཏམ་བཤད་མཇུག་བསྡུས་ནས་ཆུ་ཚོད་ཕྱེད་ཀའི་རྗེས་སུ་གཏོར་རྒོལ་གནས་ཚུལ་དེ་བྱུང་ཟིན་པ་བཤད། གཏོར་རྒོལ་འདི་ལ་བརྟེན་ནས་སོ་ཆི་གྲོང་ཁྱེར་གྱི་གནམ་ཐང་དག་སྒོ་རྒྱག་དགོས་གྱུར་ཟིན་པ་དང་། གནམ་གྲུ་ 40 ལས་མང་བ་དུས་ལྟར་འཕུར་མ་ཐུབ་ཅིང་། གནམ་གྲུ་གཞན་ 10 འཕུར་ལམ་ནས་ཕྱིར་བཟློགས་ཟིན་པའི་གནས་ཚུལ་བཀོད།

•. ཁ་སང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས། པཱ་ར་ཝའེ་རུ་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་ཆེན་མོ། ཝ་ཀི་ལ་ཝི་ཧཱ་ཝེལ་གནམ་ཐང་(Václav Havel Airport)གི་ཐག་ཉེར་སྒྲི་རོན་ཞིག་འཕུར་བཞིན་པའི་གནས་ཚུལ་གྱི་རྐྱེན་པས། ཉེན་རྟོག་པ་དང་དམག་མི་སོགས་བདེ་སྲུང་མི་སྣ་གཏོང་དགོས་གྱུར་ཟིན་པའི་གནས་ཚུལ་ཐོན། དེ་བཞིན་སླར་ཡང་སྒྲི་རོན་འཕུར་བཞིན་པའི་རྐྱེན་གྱིས། མཇར་མན་གྱི་མུ་ནེ་ཁི་གྲོང་ཁྱེར་གྱི་གནམ་ཐང་སྒོ་རྒྱག་དགོས་གྱུར་ཟིན་པའི་གནས་ཚུལ་ཐོན། འདི་ནི་གྲོང་ཁྱེར་འདིའི་གནམ་ཐང་དག་སྒོ་བརྒྱབས་པ་ཐེངས་གཉིས་པ་དེ་གྱུར།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།