Homeརྒྱལ་སྤྱི།ལྕམ་ནན་སེ་པི་ལོ་སིས་བསྐྱར་དུ་འོས་བསྡུའི་ཁྲོད་ཞུགས་རྒྱུ་མིན་པ་བསྒྲགས།

ལྕམ་ནན་སེ་པི་ལོ་སིས་བསྐྱར་དུ་འོས་བསྡུའི་ཁྲོད་ཞུགས་རྒྱུ་མིན་པ་བསྒྲགས།

Date:

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཚོགས་གཙོ་ཟུར་བ། ལྕམ་ནན་སེ་པེ་ལོ་སི་ཡིས། ལོ་རྗེས་མའི་གྲོས་ཚོགས་འོས་བསྡུའི་ཁྲོད་བསྐྱར་དུ་ཞུགས་རྒྱུ་མིན་པ་བསྒྲགས། དེ་ལྟར་ན་འདས་པའི་ལོ་ངོ་མང་པོའི་རིང་གི་མོའི་གྲོས་ཚོགས་འཐུས་མིའི་ལས་ཀ་དེ་མཇུག་བསྡུས་ཟིན་པ་ཡིན།

ད་ལྟ་ལོ་ན་ 85 ཡིན་པའི་བུད་མེད་འདི་ནི་ཨ་རིའི་ཆབ་སྲིད་ཁྲོད། ནུས་པ་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲས་ཤིག་དང་། མོ་བསྐྱར་དུ་འོས་བསྡུའི་ཁྲོད་ཞུགས་རྒྱུ་མིན་པ་འདིས། མང་གཙོ་ཚོགས་པའི་ནང་ཁུལ་དུ་དབང་ཆའི་སྟོང་ཆ་ཞིག་བསྐོང་རྒྱུ་ཤུལ་དུ་འཇོག་རྒྱུ་ཡིན་པ་བཤད།

ལྕམ་ནན་སེ་པེ་ལོ་སི་རང་ལོ་ 47 གྱི་སྟེང་དེ། ཕྱི་ལོ་ 1987 ལོར་ཁཱ་ལེ་ཧྥོར་ནེ་ཡ་མངའ་སྡེའི་བྱང་ཕྱོགས། སན་ ཧྥི་རན་སི་ སི་ཀོ་གྲོང་ཁྱེར་གྱི་འཐུས་མིའི་ངོ་བོ་ནས་གྲོས་ཚོགས་སུ་སླེབས། གྲོས་ཚོགས་སུ་མོའི་གོ་ས་མགྱོགས་པོར་ཡར་འཕར་ཅིང་། ཕྱི་ལོ་ 2007 ནས་ཕྱི་ལོ་ 2011 བར་གྲོས་ཚོགས་ཚོགས་གཙོར་བདམས་ཤིང་། མོ་ནི་ཨ་རིའི་ལོ་རྒྱུས་ནང་བུད་མེད་གྲོས་ཚོགས་ཚོགས་གཙོ་ཐོག་མ་དེ་གྱུར། ཕྱི་ལོ་ 2019 ནས་ཕྱི་ལོ་ 2023 བར་བསྐྱར་དུ་ཚོགས་གཙོར་བདམས།

སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། མོ་ནི་སྒྲོ་ནལ་ཁྲི་རམ་ཕུའི་ཁ་གཏད་དུ་ལངས་མཁན་གཙོ་བོ་ཞིག་ཏུ་གྱུར་ཅིང་།མང་གཙོ་ཚོགས་པས་ཕྱི་ལོ་ 2019 དང་ཕྱི་ལོ་ 2021 ལོར། སྒྲོ་ནལ་ཁྲི་རམ་ཕུ་སྲིད་འཛིན་ནས་གནས་དབྱུང་གཏོང་རྒྱུའི་ལས་ཀ་དེ་གཉིས་མོའི་འགོ་འཁྲིད་འོག་ནས་བྱས། ཕྱི་ལོ་ 2020 ལོར་གྲོས་ཚོགས་སུ་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། སྐབས་དེར་ཚོགས་གཙོ་ཡིན་པའི་མོ་ལ་ལག་པ་མ་བཏང་རྐྱེན། དེའི་ལན་དུ་མོས་སྲིད་འཛིན་གྱི་གཏམ་བཤད་ཡིག་ཆ་གཤགས་པའི་གནས་ཚུལ་དེ་བྱུང་། མདང་དགོང་སྒྲོ་ནལ་ཁྲི་རམ་ཕུས། མོས་ལས་འཁྱུར་ངལ་གསོ་བྱེད་བཞིན་པ་འདིར་ང་དགའ་ཡོད། ངས་བསམས་ན་མོས་ལས་འཁྱུར་ངལ་གསོ་བྱས་པ་འདི་ནི། མོས་རྒྱལ་ཁབ་ལ་སྒྲུབ་པའི་ཞབས་འདེགས་ཆེ་ཤོས་དེ་རེད་ཅེས་བཤད།

◾ནན་སེ་པེ་ལོ་སི་དང་རྒྱ་ནག

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ 1987 ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ཀྲོམ་ ལན་ཀྲོ་སི་(Tom Lantos)ཡིས། འཐུས་མི་སྐོར་ཞིག་འཁྲིད་ནས་ཆེད་དུ་ྋགོང་ས་མཆོག་ལ་མཇལ་དུ་སླེབས་ཤིང་། སྐབས་དེར་གྲོས་ཚོགས་སུ་སླེབས་མ་ཐག་པའི་ལྕམ་ནན་སེ་པེ་ལོ་སེ་དེའི་ཁྲོད་དུ་ཡོད་པ་གསལ། ྋགོང་ས་མཆོག་དང་ནན་སེ་པེ་ལོ་སི་མཇལ་འཕྲད་བྱུང་བ་ཐོག་མ་དེ་འདི་ཡིན་པར་སྣང་། དུས་དེ་ནས་བཟུང་མོ་ནི་བོད་དོན་རྒྱབ་སྐྱོར་མཁན་འགྱུར་མེད་ཅིག་ཏུ་གྱུར།

ད་དུང་སྐབས་དེར་ལྷ་སར་བྱུང་བའི་ཞི་རྒོལ་སོགས་དང་འབྲེལ། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོ་ཞིག་ཡིན་པ་གསལ། ཕྱི་ལོ་ 2015 ལོར་ཡོངས་གྲགས་མ་ཡིན་པའི་ངང་། རྒྱ་གཞུང་གི་དམ་དྲགས་ཆེན་པོའི་འོག་མོ་རང་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་ཅིང་། ས་གནས་བོད་མི་ཚོ་དང་ལྷན་ཐད་ཀར་སྐད་ཆ་བཤད་རྒྱུའི་འབད་པ་བྱས། མོ་ནི་བོད་དང་ཡུ་གུར། ཐེ་ཝན་སོགས་ཀྱི་རྒྱབ་སྐྱོར་བ་གཙོ་བོ་ཞིག་ལ་ངོས་འཛིན་ཅིང་། ཕྱི་ལོ་ 2022 ལོར་མོ་རང་ཚོགས་གཙོ་ཡིན་པའི་ངོས་ནས་ཐེ་ཝན་དུ་ཕྱིན་རྐྱེན། ཨ་རྒྱའི་དམག་དཔུང་བར་གྱི་འབྲེལ་མཐུད་ཚུན་ཆད་ཅིང་།རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་སོགས་སྡུག་རྩུབ་ཆེ་རུ་བཏང་།

ལྷག་པར་བོད་དོན་གྱི་ཐད་ནས། ཕྱི་ལོ་ 2002 ལོའི་ཨ་རིའི་{བོད་དོན་སྲིད་བྱུས་ཁྲིམས་ཡིག་}དང་། ྋགོང་ས་མཆོག་ལ་ཕྱི་ལོ་ 2007 ལོར་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་ཕུལ་བ། ཕྱི་ལོ་ 2020 ལོའི་{བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག} ཕྱི་ལོ་ 2024 ལོའི་{བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་}བཅས། གྲོས་ཚོགས་སུ་འགྲོ་རུ་འཇུག་མཁན་གཙོ་བོ་ཞིག་མོ་རང་ཡིན་པ་དང་། བོད་ཕྱི་ནང་གཉིས་སུ་སྤྲོད་ཀྱིན་པའི་ཨ་རིའི་རོགས་དངུལ་དག ཁྲིམས་ཡིག་འདི་དག་བརྒྱུད་ནས་ཡོང་བཞིན་ཡོད།

ཕྱི་ལོ་ 2007 ལོར་བོད་དོན་སྲིད་བྱུས་ཞེས་པ་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ་ཀྱི་ཁྲིམས་ཤིག་བཟོས། ཕྱི་ལོ་ 2008 ལོ་སྟེ་ས་བྱི་ཞི་རྒོལ་གྱི་སྐབས། གྲོས་ཚོགས་ཚོགས་གཙོ་ཡིན་པའི་ལྕམ་ནན་སེ་པེ་ལོ་སི་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་སླེབས། འདི་ནི་ལོ་རྒྱུས་ནང་ཨ་རིའི་ཆེས་མཐོ་བའི་དབུ་ཁྲིད་ཅིག་བཞུགས་སྒར་དུ་སླེབས་པ་ཐོག་མ་དེ་གྱུར་ཅིང་། ཨ་རིའི་རྩ་ཁྲིམས་དང་ཆབ་སྲིད་ལྟར་ན། སྲིད་འཛིན་རྒན་གཞོན་གཉིས་ཀྱི་རྗེས་སུ། གྲོས་ཚོགས་ཚོགས་གཙོ་ནི་ཆེས་མཐོ་བའི་དཔོན་རིགས་དེ་ཡིན། དེའི་རྗེས་ཕྱི་ལོ་ 2017 དང་ཕྱི་ལོ་ 2024 བཅས་སུའང་མོ་རང་བཞུགས་སྒར་དུ་སླེབས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།