•. ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས་བཏོན་པའི་འཆར་གཞི་དོན་ཚན་ 20 ཅན་གྱི་སྟེང་གཞིར་བཞག་ནས། ཟླ་བ་སྔོན་མའི་ཚེས་ 10 ཉིན་ནས་བཟུང་། ཨེ་ཛི་རལ་དང་ཧཱ་མ་སི་དྲག་དཔུང་བར་མེ་མཚམས་བཞག་ཟིན་པ་ལྟར། ཧཱ་མ་སི་དྲག་གིས་གོ་ལག་ཐང་ལ་བཞག་པའི་བརྒྱུད་རིམ་དང་། དེའི་རྗེས་སུ་གྷ་ཛ་ས་ཁུལ་གྱི་བདེ་འཇགས་ཐད། ཁ་ཆེ་རྒྱལ་ཁབ་འགས་འགན་འཁུར་རྒྱུ་བྱས་ཟིན།
•. ཏུར་ཀེའི་སྲིད་འཛིན་ཨར་རྡོ་ཝན་གྱིས། གོ་སྐབས་འདི་དམ་འཛིན་གྱིས་དཀྱིལ་ཤར་དང་། རང་གི་རྒྱལ་ནང་དུ་ཆབ་སྲིད་ཀྱི་རྩེད་མོ་གཞན་ཞིག་རྩེད་འགོ་བཙུགས་ཤིང་། ཁོས་རང་ཉིད་ནི་གྷ་ཛ་ས་ཁུལ་གྱི་པཱ་ལི་སི་ཐན་གྱི་དག་སྐྱོབ་མཁན་དང་། དཀྱིལ་ཤར་གྱི་བདེ་འཇགས་ཐད་གཙོ་འགན་འཁུར་མཁན་ཞིག་ཡིན་པའི་རྣམ་པ་བསྟན། ཡིན་ན་ཡང་། ཨེ་ཛི་རལ་གྱི་སྲིད་འཛིན་ལས་ཁུངས་ཀྱིས། ད་ལྟ་དང་འབྱུང་འགྱུར་གང་ལའང་། ཏུར་ཀེའི་དམག་མི་རྐང་གཅིག་ཀྱང་གྷ་ཛ་ས་ཁུལ་དུ་འཇོག་ཏུ་འཇུག་རྒྱུ་མིན་ཞེས་བཤད།
