Homeརྒྱལ་སྤྱི།དཀྱིལ་ཤར།གྷ་ཛ་ས་ཁུལ་དུ་མུ་མཐུད་དུ་གཏོར་རྒོལ། 

གྷ་ཛ་ས་ཁུལ་དུ་མུ་མཐུད་དུ་གཏོར་རྒོལ། 

Date:

( དབྱིན་ཇིའི་སྦི་སྦི་སི་གསར་ཁང་ལྟར་ན། ད་ལོའི་ཕྱི་ཟླ་ 10 ཚེས་ 10 ཉིན་ནས་ཨེ་ཛི་རལ་དང་། ཧཱ་མ་སི་དྲག་དཔུང་བར་མེ་མཚམས་བཞག་ཟིན་ནའང་། དུས་དེ་ནས་ད་ལྟ་བར་ཨེ་ཛི་རལ་གྱི་དམག་དཔུང་གིས། གྷ་ཛ་ས་ཁུལ་གྱི་ཁང་བརྩེགས་གྲངས་ 1,500 ལས་མང་བ་གཏོར་ཟིན་པ། མཁའ་དབྱིངས་ནས་བླངས་པའི་པར་ལས་གསལ་བོར་གྱུར་ཟིན་པ་དང་། དོན་དངོས་སུ་གྲངས་ཀ་དེ་ལས་ཧ་ཅང་མང་བ་ཡིན་པ་བཤད།)

ཡིན་ན་ཡང་ཨེ་ཛི་རལ་གྱིས། ང་ཚོས་གྲོས་མཐུན་ལྟར་ཧཱ་མ་སི་དྲག་དཔུང་གི་ས་འོག་དོང་ལམ་སོགས། དྲག་སྤྱོད་སྤེལ་སའི་བསྟི་གནས་དག་གཏོར་ནས། གྷ་ཛ་ས་ཁུལ་གྱི་དྲག་སྤྱོད་ཀྱི་རྒྱུན་གཅོད་ཀྱི་ཡོད་ཅེས་བཤད།

•. ཨ་རིས། གྷ་ཛ་ས་ཁུལ་གྱི་ཐག་ཉེར་དམག་དོན་བསྟི་གནས་ཆེན་པོ་ཞིག་རྒྱག་རྒྱུ་ཡིན་པ་དང་། དེའི་ཆེད་འགྲོ་གྲོན་ཨ་སྒོར་ས་ཡ་ $500 གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན། དེ་དང་ལྷན་བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ད་ལྟ་ཨ་རིས་གྷ་ཛའི་ཐག་ཉེར་དམག་མི་ཁྲི་ 1 འཇོག་སའི་རྟེན་གཞི་ཞིག་རྒྱག་རྒྱུར་བསམ་བློ་གཏོང་བཞིན་པ་དང་། གྷ་ཛ་ས་ཁུལ་དུ་མེ་མཚམས་བཞག་ཡོད་པ་འདིར། དམག་དཔུང་འདིས་བརྟག་ཞིབ་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་བཤད། ད་ལྟ་ཨེ་ཛི་རལ་དུ། ཨ་རིའི་དམག་མི་ 300 ཡས་མས་ཤིག་སླེབས་ཟིན་པ་དང་། ཁོ་ཚོ་གྷ་ཛ་ས་ཁུལ་དུ་ཕྱིན་མེད།

•. སླར་ཡང་ཨེ་ཛི་རལ་དང་ལེ་བྷོ་ནོན་གྱི་ཧེ་ཛི་བྷོ་ལ་དྲག་དཔུང་བར་གྱི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པ་དང་། ཨ་རི་དང་ཨེ་ཛི་རལ་གཉིས་ཀྱིས། ཧེ་ཛི་བྷོ་ལ་དྲག་དཔུང་གིས་གོ་ལག་ཐང་ལ་འཇོག་རྒྱུའི་དགོས་འདུན་འདོན་བཞིན་པ་ལྟར། ཁ་སང་ཧེ་ཛི་བྷོ་ལ་དྲག་དཔུང་གི་དབུ་ཁྲིད།ཤི་ཁི་ནམ་ ཁཱ་སེམ་(Sheikh Naim Qassem)གྱིས། དགོས་འདུན་འདི་ནི་ཨ་རི་དང་། ཨེ་ཛི་རལ་གཉིས་ཀྱིས་ལེ་བྷ་ནོན་ལ་ཚུར་རྒོལ་བྱ་ཆེད་ཁག་འཇོག་ས་ཙམ་ཞིག་རེད། ང་ཚོའི་གོ་ལག་ནི་ང་ཚོའི་ནུས་སྟོབས་རེད་ཅེས། གོ་ལག་ཐང་ལ་འཇོག་རྒྱུ་མིན་པ་བསྒྲགས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།