Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

མཇར་མན་གྱི་གཞུང་འཛིན་མཉམ་འབྲེལ་ཆབ་སྲིད་ཚོགས་པས།མཇར་མན་གྱི་ད་ལྟའི་དམག་མིའི་གྲངས་ 180,000 ཡིན་པ་ལ། འབྱུང་འགྱུར་དམག་མིའི་གྲངས་དེ་ 260,000 ལ་ཡར་སྤར་རྒྱུ་དང་། སྒུག་ཐོའི་ནང་གི་དམག་ཞབས་གྲངས་དེ་འབུམ་ 2 ཡར་སྤར་རྒྱུར་གྲོས་མཐུན་ཟིན་པའི་གནས་ཚུལ་ཐོན།

•. མདང་དགོང་དང་དེ་རིང་ཞོགས་པར་རཱ་དམག་གིས། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝུར་གཙོ་བོར་དམིགས་ནས་འཕུར་མདའ་དང་། སྒྲི་རོན་གྱིས་ཚུར་རྒོལ་དྲག་པོ་བྱས་ཤིང་། རྒྱལ་སའི་མངའ་ཁུལ་དུ་གས་འཐོར་ཆེན་པོ་འགའ་བྱུང་། ཛེ་ལན་སི་ཀེ་ཡིས། ཐེངས་འདིའི་གཏོར་རྒོལ་ཁྲོད་མི་སེར་ 4 རྐྱེན་འདས་སུ་ཕྱིན་ཅིང་། བུད་མེད་སྦྲུམ་མ་ཞིག་ཚུད་པའི་མི་གཞན་ 25 རྨས་ཟིན་པ་བཤད། ཐེངས་འདིར་རཱ་དམག་གིས་སྒྲི་རོན་ 430 དང་། འཕུར་མདའ་ 18 འཕངས་ཟིན་པ་ཡུ་ཁུ་རན་གྱིས་བཤད།

•. ཡུ་དམག་གིས། མདང་དགོང་རཱ་ཤི་ཡའི་སཱ་ར་ཏོ་ཝི་མངའ་སྡེའི་རྡོ་སྣུམ་བཟོ་གྲྭ་ཞིག་དང་། ཁི་ར་སི་ནོ་རྡར་ས་ཁུལ་དུ་ཡོད་པའི་རྡོ་སྣུམ་སྐྱེལ་སའི་གྲུ་ཁ་ཆེན་པོ། ནོ་ཝོ་རོ་སེ་སི་ཀེ་(Novorossiysk)ལ་ཡང་བསྐྱར་གཏོར་རྒོལ་བྱས་ཤིང་། ཐེངས་འདིའི་གཏོར་རྒོལ་རྗེས་གྲུ་ཁ་འདིས་རེ་ཞིག་ལས་མཚམས་བཞག་ཟིན་པ། རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད། གཞན་ཡང་ཨེན་གྷེལ་སི་ས་ཁུལ་གྱི་རྡོ་སྣུམ་མཛོད་ཁང་ཞིག་དང་། ཐ་ཐར་སི་ཐན་ས་ཁུལ་གྱི་རྫས་སྦྱོར་བཟོ་གྲྭ་ཆེན་པོ་ཞིག་བཅས་ལ་གཏོར་རྒོལ་བྱས།

•. རཱ་ཤི་ཡའི་ཀ་རེ་ལེ་ཡ་ཞེས་པའི་ས་ཁུལ་གྱི་མཁའ་དབྱིངས་སུ། རཱ་དམག་གི་དེང་རབས་འཐབ་འཛིང་གནམ་གྲུ་ Su-30 ཞིག་ཐང་ལ་བརྡབས་ཤིང་ནང་གི་ཁ་ལོ་བ་གཉིས་བསད། རྒྱུ་རྐྱེན་ཞིབ་ཕྲ་མི་གསལ།

•. ཡུ་རོབ་ཀྱི་དངུལ་ཁང་དག་ཏུ་བཀག་ཡོད་པའི་རཱ་ཤི་ཡའི་དངུལ་སྒོར་དག་གཞུང་བཞེས་ཀྱིས། ཡུ་ཁུ་རན་ལ་གཏོང་རྒྱུའི་ཐད་ཡུ་རོབ་རྒྱལ་ཁབ་དག་གིས་མུ་མཐུད་དུ་གྲོས་བྱེད་བཞིན་པའི་མཚམས། སྒྲེ་མག་དང་ཨེ་སི་ཏོ་ནེ་ཡ། སི་ཝེ་སྒྲན། ཧྥེན་ལན་ཀྲི་དང་ལ་ཏི་ཝེ་ཡ། ལི་ཐོ་ཝེ་ནེ་ཡ། ཨ་སི་ལན་ཀྲི་བཅས་ཀྱིས་ཡུ་ཁུ་རན་ལ། སྒྱོགས་མདེལ་སོགས་དམག་དོན་རོགས་སྐྱོར་ཨ་སྒོར་ས་ཡ་ $500 ཡི་རིན་ཐང་གཏོང་རྒྱུ་ཡིན་པ་བསྒྲགས།

•. པོ་ལི་ཀྲི་ཀོ་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཡུ་རོབ་མཉམ་འབྲེལ་དང་། རྒྱལ་སྤྱིའི་དངུལ་རྩ་ཚོགས་པ་ནས་རོགས་སྐྱོར་མ་འབྱོར་ཚེ། ལོ་རྗེས་མའི་ཕྱི་ཟླ་ 4 ནང་ནས་བཟུང་ཡུ་ཁུ་རན་གྱིས་གྲོང་ཁྱེར་དག་གི་འགྲོ་གྲོན་དང་། འཛུགས་སྐྲུན་གྱི་འགྲོ་གྲོན་གཏོང་རྒྱུ་ཕར་འགྱངས་བྱ་དགོས་རྒྱུ་མ་ཟད། སྡུག་ས་ནས་གཞུང་གི་ལས་བྱེད་ཀྱི་གླ་ཆ་དང་། སྨན་ཁང་། རྒས་འཕོག དམག་དཔུང་གི་འགྲོ་གྲོན་ཚུན་དུས་ལྟར་སྤྲོད་མི་ཐུབ་པ་འགྱུར་རྒྱུ་ཡིན་པ་བཤད།

•. མཇར་མན་གྱི་གཞུང་འཛིན་མཉམ་འབྲེལ་ཆབ་སྲིད་ཚོགས་པས།མཇར་མན་གྱི་ད་ལྟའི་དམག་མིའི་གྲངས་ 180,000 ཡིན་པ་ལ། འབྱུང་འགྱུར་དམག་མིའི་གྲངས་དེ་ 260,000 ལ་ཡར་སྤར་རྒྱུ་དང་། སྒུག་ཐོའི་ནང་གི་དམག་ཞབས་གྲངས་དེ་འབུམ་ 2 ཡར་སྤར་རྒྱུར་གྲོས་མཐུན་ཟིན་པའི་གནས་ཚུལ་ཐོན། ལོ་རྗེས་མ་ནས་སྐྱེས་པ་ལོ་ན་ 18 ཅན་ཚང་མས། རང་གི་གཟུགས་པོའི་གནས་སྟངས་དང་ཤེས་ཡོན། འདོད་མོས་སོགས་ཀྱི་སྐོར་གཞུང་ལ་ཁ་གསལ་བཟོ་དགོས་པ་ཁྲིམས་སུ་བསྒྱུར་རྒྱུ་དང་། གལ་སྲིད་དང་བླང་གིས་དམག་མིའི་ནང་ཞུགས་ཚེ། ཟླ་རེར་གླ་དངུལ་ཡུ་སྒོར་ €2,600 སྤྲོད་རྒྱུ་ཡིན་པ་གསལ། འདི་ནི་འཁྲུག་ཆེན་གཉིས་པའི་རྗེས་སུ། མཇར་མན་གྱིས་དམག་དཔུང་བསྐྱར་གསོ་བྱེད་པ་གཞི་རྒྱ་ཆེ་ཤོས་དེ་འགྱུར་རྒྱུ་དང་། ད་ལྟའི་མཇར་མན་གཞུང་ལ་བདེ་སྲུང་གི་ཐད་ནས་མཇར་མན་དེ་ཡུ་རོབ་ཀྱི་སྒལ་ཚིགས་སུ་འགྱུར་རྒྱུའི་དམིགས་ཡུལ་ཡོད་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག