Homeརྒྱལ་སྤྱི།ཡུ་རོབ།ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

ཡུ་རོབ་དང་རཱ་ཡུའི་དམག་འཁྲུག

Date:

མཇར་མན་བདེ་སྲུང་བློན་ཆེན་གྱིས། ནུབ་ཆིངས་དང་རཱ་ཤི་ཡ་ཐད་ཀར་གདོང་ཐུག་རྒྱག་རྒྱུའི་དམག་འཁྲུག་དེ། ཕྱི་ལོ་ 2029 ལོའི་སྔོན་དུ་འབྱུང་སྲིད་པ་བཤད། ཁོས། ང་ཚོས་ནམ་རྒྱུན་འདི་ཉིད་ཕྱི་ལོ་ 2029 ལོར་འབྱུང་སྲིད་པ་ཤོད་བཞིན་ཡོད་ཀྱང་། ད་ལྟ་ཕྱི་ལོ་ 2028 ལོར་འབྱུང་སྲིད་པ་ཤོད་མཁན་འདུག་ཅེས་བཤད།

•. རཱ་དམག་གིས། ཡུ་ཁུ་རན་གྱི་ལྷོ་ཕྱོགས་སུ་ཡོད་པའི་སྨན་རྫས་དང་།
གསོ་རིག་ཡོ་ཆས་མཉར་ས་ཆེན་པོ་ཞིག་ལ་གཏོར་རྒོལ་ཐེངས་གསུམ་པ་དེ་བྱས་ཤིང་། ད་ལྟ་འདི་ཉིད་ཡོངས་སུ་གཏོར་ཟིན་པ་དང་། འདི་ནི་ཡུ་ཁུ་རན་གྱི་སྨན་རྫས་མཉར་ས་ཆེ་ཤོས་གཉིས་པ་དེ་ཡིན་པ་བཤད། ཛེ་ལན་སི་ཀེ་ལྟར་ན། བདུན་ཕྲག་སྔོན་མར་རཱ་དམག་གིས། སྒྲི་རོན་1,000 དང་གྷི་ལེ་ཀྲེ་འགད་རྫས་གྲངས་ 980 ། འཕུར་མདའ་ 36 བཅས་འཕངས་ནས་ཚུར་རྒོལ་བྱས་ཟིན་པ་བཤད།

•. སྦི་སྦི་སི་གསར་ཁང་ལྟར་ན། རཱ་དམག་གིས་ཡུ་ཁུ་རན་གྱི་གློག་ཁང་དག་ལ་ཡང་ཡང་གཏོར་རྒོལ་བྱས་རྐྱེན། ལོ་རྗེས་མའི་དཔྱིད་ཀ་བར་དུ་གློག་གིས་མི་འདང་བའི་དཀའ་ངལ་འདི་སེལ་ཐུབ་པའི་རྣམ་པ་མི་འདུག་ཅེས་བཤད། ཡུ་དམག་གིས། རཱ་ཤི་ཡའི་ཝོལ་གྷོ་གྷི་རེ་ཀྲི་ས་ཁུལ་གྱི་ལུ་ཀལ་རྡོ་སྣུམ་བཟོ་གྲྭ་ཞིག་དང་། སཱ་མ་ར་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག རེ་ཛན་ས་ཁུལ་གྱི་རྡོ་སྣུམ་བཟོ་གྲྭ་ཞིག་བཅས་ལ་གཏོར་རྒོལ་བྱས། གཞན་ཡང་རཱ་ཤི་ཡའི་གནམ་སྲུང་མ་ལག་ S-400 གི་འཕུར་མདའ་འཕེན་བྱེད་གྲངས་ 4 དང་། དམག་དོན་མཁོ་ཆས་སྐྱེལ་མཁན་གྱི་མེ་འཁོར་ཞིག་བཅས་ལ་གཏོར་རྒོལ་བྱས་ཟིན་པ་བཤད།

•. ཉེ་དུས་སྲིད་འཛིན་ཛེ་ལན་སི་ཀེའི་ཉེ་འཁོར་གྱི་ཆབ་སྲིད་པ་དང་།
ཚོང་པ་སོགས་ཀྱི་ཁྲོད་ལྐོག་ཟའི་གནད་དོན་ཆེན་པོ་ཞིག་འབྱུང་བཞིན་པ་ཕྱིར་བཏོན་ཟིན་པ་ལྟར། གནས་ཚུལ་དེས་ཛེ་ལན་སི་ཀེའི་སྣང་བརྙན་ལ་གནོད་པ་ཚབས་ཆེན་བསྐྱལ་ཅིང་། ད་ལྟ་ཡུ་ཁུ་རན་གྱི་མི་དམངས་ཁྲོད་བསམ་ཤོག་བསྡུས་པ་ལྟར་ན། ལན་འདེབས་མཁན་བརྒྱ་ཆ་ 20% ཡིས་མ་གཏོགས་ཛེ་ལན་སི་ཀེར་རྒྱབ་སྐྱོར་བྱེད་ཀྱིན་མེད་པ་གསལ། ཉིན་རེར་དམག་མི་མང་པོ་ཤི་རྨས་ཐེབས་བཞིན་པའི་སྟེང་།རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། གོ་ལག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དཀྱིལ་དུ། ལྐོག་ཟའི་གནད་དོན་འབྱུང་བཞིན་པ་འདིར་མི་མང་པོ་ཧ་ལས་བཅུག་ཅིང་། ཡུ་ཁུ་རན་གྱི་མི་སེར་མང་པོར་ཁོང་ཁྲོ་བསླངས།

•. ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ད་ལྟ་རྒྱ་གར་གྱིས་རཱ་ཤི་ཡ་ནས་རྡོ་སྣུམ་ཉོ་ཚད་སྙུང་བཞིན་པ་འདིས། ཤུགས་རྐྱེན་དངོས་སུ་ཐེབས་བཞིན་པ་དང་། རཱ་ཤི་ཡ་དང་ལྷན་ཚོང་རྒྱག་མཁན་གྱི་རྒྱལ་ཁབ་ཚང་མར་ང་ཚོས་ཉེས་ཆད་ལྗིད་མོ་གཅོད་རྒྱུ་ཡིན་ཞེས་བཤད། ཁོས་རཱ་ཤི་ཡའི་རྡོ་སྣུམ་ཁེ་གཉེར་ཆེ་ཤོས་གཉིས་ཀྱི་སྟེང་ཉེས་ཆད་བཀལ་ཟིན་པ་ལྟར། བྷི་ལུམ་བྷར་གྷི་སྟེང་གནས་ཚུལ་བཀོད་པ་ལྟར་ན། རཱ་ཤི་ཡའི་རྡོ་སྣུམ་ཁེ་གཉེར་ལུ་ཀལ་(Lukoil)གྱི་སྟེང་ཉེས་ཆད་འགེལ་རྒྱུ་རེ་ཞིག་ཕར་བསྒྱངས་ཟིན་པ་དང་། དེ་ནི་ཁེ་གཉེར་འདིའི་ཡོ་ཆས་དག་རྒྱལ་ཁབ་གཞན་ལ་འཚོང་རྒྱུའི་གོ་སྐབས་སྤྲད་ཡིན་པ་བཤད།

•. ལྷོ་ཀོ་རེ་ཡའི་ཡོན་ཧེབ་གསར་ཤོག་སྟེང་གནས་ཚུལ་བཀོད་པ་ལྟར་ན། ལྷོ་ཀོ་རེ་ཡར་རྟེན་གཞི་བྱས་པའི་ཨ་རིའི་དམག་དཔུང་གི་དམག་སྤྱི་ཤཱ་ཝེར་བྷི་རུན་སོན་(Xavier Brunson)གྱིས། གལ་སྲིད་གློ་བུར་དུ་གནས་ཚུལ་སྡུག་ཏུ་ཕྱིན་ཚེ། ལྷོ་ཀོ་རེ་ཡ་ནི་ཨ་རིའི་དམག་དཔུང་གིས་རཱ་ཤི་ཡར་ལན་བསློག་ས་ཞིག་ཏུ་འགྱུར་རྒྱུ་ཡིན་པ་བཤད་ཟིན་པའི་གནས་ཚུལ་བཀོད།

•. རཱ་ཤི་ཡའི་རྒྱལ་མཚམས་ནས་སྤྱི་ལེ་ 100 ཡས་མས་ཀྱི་མཚམས་ཏེ། ཧྥིན་ལན་ཀྲིའི་རྒྱལ་ནང་དུ་ནུབ་ཆིངས་ཀྱི་དམག་མི་ 2,000 ཡས་མས་ཀྱིས་དམག་སྦྱོང་ཞིག་བྱ་རྒྱུར་གྲ་སྒྲིག་ཡོད་པ་བཤད། མཇར་མན་བདེ་སྲུང་བློན་ཆེན་གྱིས། ནུབ་ཆིངས་དང་རཱ་ཤི་ཡ་ཐད་ཀར་གདོང་ཐུག་རྒྱག་རྒྱུའི་དམག་འཁྲུག་དེ། ཕྱི་ལོ་ 2029 ལོའི་སྔོན་དུ་འབྱུང་སྲིད་པ་བཤད། ཁོས། ང་ཚོས་ནམ་རྒྱུན་འདི་ཉིད་ཕྱི་ལོ་ 2029 ལོར་འབྱུང་སྲིད་པ་ཤོད་བཞིན་ཡོད། ཡིན་ན་ཡང་། མི་གཞན་གྱིས་འདི་ཉིད་ཕྱི་ལོ་ 2028 ལོར་འབྱུང་སྲིད་པ་ཤོད་བཞིན་འདུག ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས། ད་ལོའི་དབྱར་ཀ་ནི་ང་ཚོའི་ཞི་བདེ་ལྡན་པའི་དབྱར་དུས་མཐའ་མ་དེ་ཡིན་པའང་ཡིད་ཆེས་བྱེད་ཀྱི་འདུག་ཅེས་བཤད།

•. སླར་ཡང་སྒྲེ་མག་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཡོད་པ། ཨལ་བྷོར་གྷི་གནམ་ཐང་(Aalborg Airport)གི་ཐག་ཉེར་སྒྲི་རོན་འཕུར་བཞིན་པའི་གནས་ཚུལ་བྱུང་བས། གནམ་ཐང་རེ་ཞིག་སྒོ་རྒྱག་དགོས་གྱུར་ཟིན་པའི་གནས་ཚུལ་ཐོན། གཞན་ཡང་ཕོ་ལན་ཀྲི་ནས་ཡུ་ཁུ་རན་ལ་ནུབ་ཕྱོགས་ཀྱི་གོ་ལག་སྐྱེལ་སའི་མེ་འཁོར་ལྕགས་ལམ་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པ། ཕོ་ལན་ཀྲིའི་སྲིད་བློན་གྱིས་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག