སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།
སླར་ཡང་ཨེ་ཛི་རལ་གྱི་དམག་དཔུང་གིས། ལེ་བྷ་ནོན་གྱི་ལྷོ་ཕྱོགས་ས་ཁུལ་དུ་གཏོར་རྒོལ་དྲག་པོ་ཐེངས་ 2 བྱས། ཨེ་ཛི་རལ་གྱིས། ཐེངས་འདིར་ཧེ་ཛི་བྷོ་ལ་དྲག་དཔུང་གི་བསྟི་གནས་དང་། གོ་ལག་གི་སྟེང་གཏོར་རྒོལ་བྱས་ཟིན་པ་བཤད། ལེ་བྷ་ནོན་གྱི་འཕྲོད་བསྟེན་ལྷན་ཁང་ལྟར་ན། ཐེངས་འདིའི་གཏོར་རྒོལ་ཁྲོད་མི་ 11 བསད་ཟིན་པ་བཤད།
ཁ་སང་སོ་ཐེ་ཨ་རབ་བྷེ་ཡ་རྒྱལ་ཁབ་ཀྱི་རྒྱལ་སྲས། མོ་ཧམ་མེ་རྡི་ བྷེན་ སལ་མན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འབྱོར། ཁོ་དང་ཨ་རིའི་སྲིད་འཛིན་གཉིས་ཐུག་ཅིང་། སྐབས་དེར་སྒྲོ་ནལ་ཁྲི་རམ་ཕུས། ངའི་མི་ཚེ་གང་ལ་དཀྱིལ་ཤར་དུ་ཞི་བདེ་སྐྲུན་ཐབས་སྐོར་གོ་ནས་ཡོང་བ་ཡིན།ཡིན་ན་ཡང་། ད་ལྟ་བར་བསྐྲུན་མ་ཐུབ་པ་ལ་ང་ཚོས་གཞི་ནས་དཀྱིལ་ཤར་དུ་ཞི་བདེ་བསྐྲུན་ཟིན་ཅེས་བཤད།
ད་དུང་ཁོས། འབྱུང་འགྱུར་གྷ་ཛ་ས་ཁུལ་གྱི་བར་བརྒལ་གཞུང་ལ་ལྟ་མཁན་གྱི་ཁྲོད། སོ་ཐེ་ཨ་རབ་བྷེ་ཡའི་རྒྱལ་སྲས་ཀྱང་བསྐོ་འདོད་ཡོད་པ་བཤད། བདུན་ཕྲག་འདིར་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས།གྷ་ཛ་ས་ཁུལ་དུ་ཞི་བདེ་སྐྲུན་རྒྱུ་དང་འབྲེལ་བའི་ཨ་རིའི་འཆར་གཞི་ལ་རྒྱབ་སྐྱོར་བྱས།
ཡིག་ཆ་དེ་ལྟར་ན་འབྱུང་འགྱུར་གྷ་ཛ་ཁུལ་དུ་བར་བརྒལ་གཞུང་ཞིག་འཛུགས་རྒྱུ་དང་། རྒྱལ་སྤྱིའི་དཔུང་སྡེ་ཞིག་བཏང་ནས་ས་ཁུལ་གྱི་བདེ་འཇགས་ལ་འགན་འཁུར་རྒྱུ་བྱས། འདི་དག་གི་སྒང་དུ་ཞི་བདེའི་ལྷན་ཚོགས་ཞེས་པའི་ལྟ་ཞིབ་ཚོགས་པ་ཞིག་འཛུགས་རྒྱུ་བྱས། ཡིན་ན་ཡང་། ཧཱ་མ་སི་དྲག་དཔུང་གིས་ཡིག་ཆ་འདི་ཁས་ལེན་རྒྱུ་མིན་ཞེས་བསྒྲགས་ཟིན།
