Homeརྒྱལ་སྤྱི།ཨེ་ཤ་ཡ།ཝང་ཡེའི་སྐད་ཆ་ཐོག་མ།

ཝང་ཡེའི་སྐད་ཆ་ཐོག་མ།

Date:

ཉེ་དུས་ཉི་ཧོང་གྲོས་ཚོགས་སུ་ཉི་ཧོང་གི་སྲིད་བློན་གྱིས། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་ཚུར་རྒོལ་བྱས་ཚེ། དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱི་ཆགས་འཇིག་ལ་ཐུག་པའི་ཉེན་ཁ་ཞིག་དང་། དེས་ཉི་ཧོང་གིས་དམག་དཔུང་བཀོལ་དགོས་བཟོ་སྲིད་ཅེས་བཤད་རྐྱེན། སྤྱང་ཀི་དཔའ་བོ་རུ་འབོད་པའི་རྒྱ་ནག་གི་ལས་བྱེད། ཚིག་རྩུབ་སྤྱོད་མཁན་དག་གིས་ཉི་ཧོང་དང་ཉི་ཧོང་གི་སྲིད་བློན་གྱི་སྟེང་ཁ་རྡུང་དྲག་པོ་གཏོང་འགོ་བཙུགས་ཟིན་པ་ལྟར། ཁ་སང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་རང་གིས་ཐོག་མར་ཁ་གྲགས།

འདི་ནི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་འདིའི་ཐད་སྐད་ཆ་དངོས་སུ་བཤད་པ་ཐོག་མ་དེ་གྱུར།ཁོས། ཉི་ཧོང་གི་དབུ་ཁྲིད་ཚོས་ཐེ་ཝན་དང་འབྲེལ་མངོན་གསལ་དུ་བརྡ་ནོར་བ་བཏང་བ་ནི་ཧ་ལས་བ་ཞིག་རེད་ཅེས་བཤད། ད་དུང་ཁོས། ཉི་ཧོང་བརྒལ་མི་རུང་བའི་ཐིགས་དེའི་སྟེང་དུ་རྒལ་བཞིན་འདུག་ཅེས་ཟེར། དེ་དང་ལྷན་ཉི་ཧོང་གི་བདེ་སྲུང་བློན་ཆེན་གྱིས། ཐེ་ཝན་ནས་སྤྱི་ལེ་ 112 ཡས་མས་ཀྱི་མཚམས་སུ་ཡོད་པ། ཡཱ་ན་གྷུ་ནེ་ཞེས་པའི་མཚོ་གླིང་སྟེང་། སྙོབས་ཚད་འབྲིང་ཅན་གྱི་འཕུར་མདའི་མ་ལག་ཅིག་འཇོག་རྒྱུ་ཡིན་པ་བསྒྲགས་ཤིང་། འདི་ནི་འགོག་སྲུང་ཁོ་ནའི་ཆེད་ཡིན་ཞེས་མནན་བཤད་བྱས།

ཉེ་དུས་ནས་ཉི་ཧོང་ལ་རྒྱ་ནག་གི་ཡུལ་སྐོར་བ་སོགས་འགྲོ་མི་རུང་བ། རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་རྐྱེན་དེས་ཉི་ཧོང་གི་ཡུལ་སྐོར་ཁེ་གཉེར་ལ་གནོད་པ་ཚབས་ཆེན་ཐེབས། ཉི་ཧོང་གིས་རྒྱ་ནག་ལ་སྐུ་ཚབ་བཏང་ཞིང་། གནས་ཚུལ་ཞི་འཇམ་དུ་གཏོང་རྒྱུར་འབད་པ་བྱས། ཡིན་ན་ཡང་། རྒྱ་ནག་གིས་ཉི་ཧོང་གི་སྲིད་བློན་གྱི་སྟེང་ཚིག་རྩུབ་སྤྱོད་རྒྱུ་མཚམས་མ་བཞག 

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག