Homeརྒྱལ་སྤྱི།བྱང་ཨ་རི། ཝེ་ནེ་ཛོ་ལའི་མཁའ་དབྱིངས་སུ་གནམ་གྲུ་འཕུར་རྒྱུར་འཛེམས།

ཝེ་ནེ་ཛོ་ལའི་མཁའ་དབྱིངས་སུ་གནམ་གྲུ་འཕུར་རྒྱུར་འཛེམས།

Date:

ཨ་རིས་ཝེ་ནེ་ཛོ་ལ་རྒྱལ་ཁབ་ལ་རྒོལ་བའི་དམག་དོན་བྱ་འགུལ་རིམ་པ་གསར་བ་ཞིག་ཡོང་རྒྱུའི་ཉི་མ་དག་གི་ནང་འགོ་གཟུག་རྒྱུ་ཡིན་པ། བདུན་ཕྲག་སྔོན་མར་རོའུ་ཀྲར་གསར་ཤོག་གིས་ཨ་རིའི་ལས་བྱེད་ཅིག་གི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད།

ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཝེ་ནེ་ཛོ་ལ་དང་དེའི་ཐག་ཉེའི་ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ། ཨ་རིའི་དམག་དཔུང་དང་གོ་ལག་ཕོན་ཆེན་སྤུངས་ཡོད་པ་ལྟར། ཨ་རིས་ཝེ་ནེ་ཛོ་ལ་རྒྱལ་ཁབ་ལ་རྒོལ་བའི་དམག་དོན་བྱ་འགུལ་རིམ་པ་གསར་བ་ཞིག་ཡོང་རྒྱུའི་ཉི་མ་དག་གི་ནང་འགོ་གཟུག་རྒྱུ་ཡིན་པ། བདུན་ཕྲག་སྔོན་མར་རོའུ་ཀྲར་གསར་ཤོག་གིས་ཨ་རིའི་ལས་བྱེད་ཅིག་གི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད། འཆར་གཞི་འདིའི་སྐོར་ཞིབ་ཕྲ་མི་གསལ་ནའང་། དེའི་ཁྲོད་སྲིད་འཛིན་མཱ་རྡུ་རོ་ཡི་སྲིད་དབང་མགོ་གཏིང་བསློག་རྒྱུའང་ཚུད་ཡོད་སྲིད་པ་བཤད།

ཝེ་ནེ་ཛོ་ལའི་སྲིད་འཛིན་དང་། ཆེས་མཐོའི་དཔོན་རིགས་ཚོས་གྲུབ་ཡོད་པར་བཤད་པའི་ནག་ཚོགས་(Cartel de los Soles)ཞེས་པ། ཨ་རིས་ཕྱི་རྒྱལ་དྲག་སྤྱོད་པའི་མིང་ཐོའི་ནང་བཅུག་ཅིང་། དེའི་དོན་ནི་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཀྱི་སྲིད་འཛིན་མཱ་རྡུ་རོ་ཁྲིམས་མ་ཡིན་པ་ཙམ་དུ་མ་ཟད། ནག་ཚོགས་ཀྱི་མི་ཡིན་པ་བསྒྲགས་ཟིན་པ་ཡིན། མང་པོ་ཞིག་གིས། འདི་ནི་ཨ་རིས་ཡུལ་འདིར་དམག་དོན་བྱ་འགུལ་ཞིག་སྤེལ་རྒྱུའི་ལམ་ཀ་བཟོ་བཞིན་པ་ཞིག་ཡིན་པ་བཤད།

ད་ལྟ་ཨ་རིས་ཉེན་བརྡ་བཏང་རྐྱེན། ཝེ་ནེ་ཛོ་ལའི་མཁའ་དབྱིངས་སུ་ གནམ་གྲུ་དག་འཕུར་རྒྱུར་འཛེམས་བཞིན་པའི་གནས་ཚུལ་ཐོན། ཡུ་ཁུ་རན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་དབུ་ཁྲིད་དམག་སྤྱི་བྷུ་རྡ་ནོ་ཝི་ལྟར་ན། ད་ལྟ་ཝེ་ནེ་ཛོ་ལ་རྒྱལ་ཁབ་ཏུ་རཱ་ཤི་ཡའི་དམག་མི་གྲངས་ 120 ཡོད་པ་དང་། དེ་དག་གི་འགོ་འཁྲིད་མཁན་ནི་ཡུ་ཁུ་རན་ལ་བཙན་འཛུལ་སྐབས། རཱ་དམག་གི་འགོ་འཁྲིད་མཁན་དམག་སྤྱི་མཱ་ཀ་རེ་ཝེ་ཆི་(Oleg Makarevich)ཟེར་བ་ཡིན་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག