Homeརྒྱལ་སྤྱི།འཛམ་གླིང་གོམ་པས་འཇལ་བ།

འཛམ་གླིང་གོམ་པས་འཇལ་བ།

Date:

ང་ལ་འགྱོད་པ་གང་ཡང་མེད། འདས་པའི་ལོ་ 27 ནང་ངས་གང་ཡང་རག་མ་སོང་། ཡིན་ན་ཡང་། ལོ་འདི་དག་ནི་ཧ་ཅང་ཡག་པོ་བྱུང་ཞེས་བཤད།

དབྱིན་ཇིའི་མི་སེར་ཡིན་པ། མིང་ལ་ཁར་ བྷུ་ཤི་བྷེ་(Karl Bushby)
ཞེས་པའི་སྐྱེས་པ་ཞིག་གིས། ཕྱི་ལོ་ 1998 ལོ་ནས་ལྷོ་ཨ་མེ་རི་ཀའི་ཅི་ལི་རྒྱལ་ཁབ་ནས། འཛམ་གླིང་ལ་རྐང་ཐང་གིས་རྒྱང་བསྐྱོད་བྱ་རྒྱུའི་འགོ་བཙུགས། ཕྱི་ལོ་ 2002 ཟླ་ 4 ནང་ཁོ་ཨ་རིའི་རྒྱལ་མཚམས་སུ་སླེབས་ཤིང་། ཕྱི་ལོ་ 2006 ལོར་རཱ་ཤི་ཡའི་ཤར་ཕྱོགས་ས་མཚམས་སུ་སླེབས། ཕྱི་ལོ་ 2019 ལོར་ཁོ་རང་དཀྱིལ་ཤར་དུ་སླེབས།

ད་ལྟ་ཁོ་གཞི་ནས་ཁོ་ཡུ་རོབ་ཀྱི་ཧང་གྷི་རིར་སླེབས་ཟིན་པ་དང་། དབྱིན་ཡུལ་གྱི་རང་ཁྱིམ་དུ་སླེབས་རྒྱུར་སྤྱི་ལེ་ 3,218 ཡས་མས་ལས་མེད་པ་བཤད། འདས་པའི་ལོ་ངོ་ 27 རིང་བྱེ་ཐང་དང་གངས་རི། ནགས་ཚལ་སོགས་བརྒལ་ནས་སྤྱི་ལེ་ 47,000 ལ་རྐང་ཐང་ཕྱིན་ཟིན། ཁོས་ཨ་རིའི་སི་བྷི་ཨེ་སི་གསར་ཁང་ལ། ང་ལ་འགྱོད་པ་གང་ཡང་མེད། འདས་པའི་ལོ་ 27 ནང་ངས་གང་ཡང་རག་མ་སོང་། ཡིན་ན་ཡང་། ལོ་འདི་དག་ནི་ཧ་ཅང་ཡག་པོ་བྱུང་ཞེས་བཤད།

ད་དུང་ཁོས། འཇིགས་སྣང་མ་བྱེད། ཉལ་ཁྲི་ནས་ལངས་ཏེ་རང་གི་མངོན་འདོད་མངོན་གྱུར་བྱུང་དུ་ཆུགས། གོམ་པ་དང་པོ་སྤོས་པས་གོ་སྐབས་ཀྱི་་སྒོ་མོ་འབྱེད་ངེས་ཡིན་ཞེས་བཤད། ཁོའི་རྒྱང་བསྐྱོད་འདིའི་མིང་ལ་(Goliath Expedition)ཞེས་འབོད་ཅིང་། ཕྱི་ལོ་ 2027 ལོའི་མཇུག་ཏུ་ཁོ་རང་ཁྱིམ་དུ་སླེབས་རྒྱུ་ཡིན་པ་ཚོད་དཔག་བྱེད། ད་ལྟ་བར་འཛམ་གླིང་ཧྲིལ་བོ་རྐང་ཐང་གིས་བསྐོར་བ་བརྒྱབས་ཟིན་མཁན་ཞིག་མེད་པ་བཤད།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག