Homeརྒྱལ་སྤྱི།ཨ་མེ་རི་ཀཨ་རིའི་རྒྱལ་སར་མེ་མདའ་བརྒྱབས་པ། 

ཨ་རིའི་རྒྱལ་སར་མེ་མདའ་བརྒྱབས་པ། 

Date:

ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཕོ་བྲང་དཀར་པོའི་ཐག་ཉེར། མི་ཞིག་གིས་མེ་མདའ་འཕངས་ཤིང་། དེར་ཡོད་པའི་རྒྱལ་སྲུང་དམག་མི་ 2 ལ་རྨས་སྐྱོབ་ཚབས་ཆེན་བཟོས། དེ་རིང་གནས་ཚུལ་ཐོན་པ་ལྟར་ན། བདེ་སྲུང་མི་སྣ་གཅིག་རྐྱེན་འདས་སུ་ཕྱིན་ཟིན་པ་བཤད།

གཟའ་ལྷག་པའི་ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཕོ་བྲང་དཀར་པོའི་ཐག་ཉེར། མི་ཞིག་གིས་མེ་མདའ་འཕངས་ཤིང་། དེར་ཡོད་པའི་རྒྱལ་སྲུང་དམག་མི་ 2 ལ་རྨས་སྐྱོབ་ཚབས་ཆེན་བཟོས། དེ་རིང་གནས་ཚུལ་ཐོན་པ་ལྟར་ན། བདེ་སྲུང་མི་སྣ་གཅིག་རྐྱེན་འདས་སུ་ཕྱིན་ཟིན་པ་བཤད། དེ་དང་ལྷན་དོགས་ཡོད་མི་སྣ་ཞིག་བཟུང་ཞིང་། དེ་ནི་ཕྱི་ལོ་ 2021 ལོར་ཨ་རིའི་རྒྱལ་ནང་དུ་ཡོང་བ་ཞིག་དང་། ད་ལྟ་ལོ་ན་ 29 ཡིན་པའི་ཨ་ཧྥི་གྷན་གྱི་མི་ཞིག་ཡིན་པ་གསལ།

མི་འདིས་སྔར་ཨ་ཧྥི་གྷན་དུ་ཨ་རིའི་གསང་བའི་ལས་ཁུངས་དང་ལྷན་ལས་ཀའང་བྱས་ཡོད་པའི་གནས་ཚུལ་ཐོན། དེ་མ་ཐག་ཨ་རིས། ཨ་ཧྥེ་གྷན་ནས་ཡོང་བའི་སྐྱབས་བཅོལ་བ་དག་དང་འབྲེལ་བའི་ལས་གཞི་དག་མཚམས་བཞག  སྒྲོ་ནལ་ཁྲི་རམ་ཕུས་རྒྱལ་སའི་མངའ་ཁུལ་དུ་རྒྱལ་སྲུང་དམག་དཔུང་འགྲེམས་འཇོག་བྱས་ཡོད་པ་ལྟར། དོན་རྐྱེན་འདི་བྱུང་རྗེས་སྔར་གྱི་དམག་སྡེའི་སྟེང་། ད་དུང་ཡང་དམག་མི་ 500 འཁྲིད་ཡོང་རྒྱུ་ཡིན་པའི་གནས་ཚུལ་ཐོན།

སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། རྒྱལ་ས་ཝ་ཤིན་ཀྲོན་ས་ཁུལ་གཙོས། ཨ་རིའི་གྲོང་ཁྱེད་དག་དང་ལྷག་པར་མང་གཙོ་ཚོགས་པས་བཟུང་བའི་གྲོང་ཁྱེར་དག་ལ་དམག་དཔུང་བཏང་རྐྱེན། མི་མང་པོས་ངོ་རྒོལ་བྱེད་བཞིན་པ་ལྟར། ཐེངས་འདིའི་གནས་ཚུལ་བྱུང་རྗེས། མང་པོ་ཞིག་གིས་དེ་ནི་འབྱུང་ཆོག་པ་ཞིག་ཡིན་པའི་རྣམ་འགྱུར་བསྟན། ཡིན་ན་ཡང་། ཚོགས་གཙོ་ཟུར་བ་ལྕམ་ནན་སེ་པི་ལོ་སི་ཡིས། དྲག་རྒོལ་འདི་ལ་ངོ་རྒོལ་དང་འདི་ནི་ངོས་ལེན་ཐུབ་པ་ཞིག་མིན་པ་བསྒྲགས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།