Homeརྒྱལ་སྤྱི།ཡུ་རོབ།གྲུ་ཟིངས་གཉིས་གཏོར། 

གྲུ་ཟིངས་གཉིས་གཏོར། 

Date:

དེ་རིང་ཞོགས་པར་ཡུ་དམག་གིས། རྒྱལ་སྤྱིའི་ཁྲོམ་རར་ལྐོག་ནས་རྡོ་སྣུམ་འདྲེན་མཁན། གྲིབ་གཟུགས་གྲུ་གཟིངས་སུ་འབོད་པ་ 2 ལ་གཏོར་རྒོལ་བྱས། ཡུ་དམག་གིས་ཅི་ཞིག་སྤྱད་ཟིན་པ་རེ་ཞིག་ཕྱིར་མ་བསྒྲགས་ནའང་། དེ་ནི་མཚོ་ཐོག་སྒྲི་རོན་དང་ཡང་ན་མཚོ་ཐོག་ཏུ་བཞག་པའི་འགད་རྫས་ཀྱིས་གཏོར་རྒོལ་བྱས་ཟིན་པ་ཚོད་དཔག་བྱེད།

གྲུ་གཟིངས་ཆེན་པོ་འདི་གཉིས་ནི་མིང་ལ་ M/T KAIROS ཞེས་པ་དང་། གཞན་ཞིག་དེའི་མིང་ལ་ M/T VIRAT ཡིན་པ་བཤད། གྲུ་གཟིངས་འདི་གཉིས་རཱ་ཤི་ཡའི་ཕྱོགས་སུ་ཡོང་བཞིན་པ་ལ། གཏོར་རྒོལ་ཐེབས་རྗེས་མཚོ་ནག་གི་ལྷོ་ཕྱོགས་ཀྱི་ཏུར་ཀེའི་ཕྱོགས་སུ་ཕྱིན་ཟིན་པ་བཤད། སྟེང་གི་མི་ཚང་མ་བསྐྱབས་ཟིན་ནའང་། གྲུ་གཟིངས་ལ་གཏོར་སྐྱོན་ཐེབས་པ་ཧ་ཅང་ཚབས་ཆེན་ཡིན་པས། མཚོ་ནག་གི་ནང་དུ་ནུབ་རྒྱུ་ཡིན་པ་(གཅིག་བྱས་ན་ད་ལྟ་ནུབ་ཟིན།)ཏུར་ཀེའི་ལས་བྱེད་ཚོས་བཤད།

འདིའི་རྗེས་ཡུ་ཁུ་རན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་དབུ་འཛིན། དམག་སྤྱི་བྷུ་རྡ་ནོ་ཝི་ཡིས། ང་ཚོས་གང་ཐུབ་ཀྱིས་རོགས་རམ་བྱེད་བཞིན་ཡོད། ཡིན་ན་ཡང་། ང་ཚོས་དུས་མཉམ་དུ་ཚང་མར་རོགས་བྱ་མི་ཐུབ། ང་ཚོས་རེ་རེ་དང་ཅུང་ཙམ་བྱས་ནས་རོགས་བྱ་ཆོག་ཅེས། རཱ་ཤི་ཡའི་སྟེང་ག་ལེར་གཏོར་རྒོལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བཤད། རཱ་ཤི་ཡའི་གསར་ལམ་ཁག་གིས་ད་ལྟ་གནས་ཚུལ་བཀོད་པ་ལྟར་ན།སླར་ཡང་གྲུ་གཟིངས་གསུམ་པ་ཞིག་ལ་གཏོར་རྒོལ་ཐེབས་ཟིན་པ་བཤད།

 དེ་དང་མཐུན་པའི་པར་ཡང་ཕྱིར་ཐོན། གཞན་ཡང་ཡུ་དམག་གིས། རཱ་ཤི་ཡའི་ཁི་ར་སི་ནོ་རྡར་ས་ཁུལ་དུ་ཡོད་པ། མཚོ་ནག་གི་རྒྱུད་ཀྱི་གྲུ་ཁ་ཆེ་ཤོས་ནོ་ཝོ་རོ་སེ་སི་ཀེ་(Novorossiysk Port)ལའང་གཏོར་རྒོལ་ཤུགས་ཆེན་ཐེབས་ཤིང་། གཏོར་རྒོལ་ཐེབས་ཟིན་པ་དག་བསྐྱར་གསོ་དཀའ་བ། རཱ་ཤི་ཡ་རང་གི་གསར་ལམ་གྱིས་གནས་ཚུལ་བཀོད། གཞན་ཡང་མདང་དགོང་གནམ་ཐང་སོགས་མང་པོར་གཏོར་རྒོལ་ཐེབས།འབྲེལ་ཡོད་གནས་ཚུལ་གཞན་དག་རྗེས་སུ་དགོད་རྒྱུ།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།