Homeདཔལ་འབྱོར།རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས།

རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས།

Date:

ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་རྒྱ་གར་གྱི་དཔལ་འབྱོར་སྙན་ཐོ་ཕྱིར་བཏོན། དེ་ལྟར་ན་དེའི་སྔོན་གྱི་དུས་ཡུན་གཅིག་པ་དང་བསྡུར་ན་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཚད་གཞི་དེ་བརྒྱ་ཆ་ 8.2% ཡར་འཕར།

ད་ལོའི་ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར་གྱི་རྒྱ་གར་གྱི་དཔལ་འབྱོར་སྙན་ཐོ་ཕྱིར་བཏོན། དེ་ལྟར་ན་དེའི་སྔོན་གྱི་དུས་ཡུན་གཅིག་པ་དང་བསྡུར་ན་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཚད་གཞི་དེ་བརྒྱ་ཆ་ 8.2% ཡར་འཕར། འདི་ནི་འདས་པའི་ཟླ་བ་ 18 རིང་གི་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཚད་མགྱོགས་ཤོས་དེ་གྱུར། ཡར་རྒྱས་འདིའི་རྒྱུ་རྐྱེན་བརྒྱ་ཆ་ 57% ནི་རྒྱལ་ནང་གི་འཛད་སྤྱོད་གྱུར་ཅིང་། རྒྱལ་ནང་གི་འཛད་སྤྱོད་ཚད་དེ་དེའི་སྔོན་གྱི་དུས་ཡུན་ཟླ་བ་ 3 དང་བསྡུར་ན་བརྒྱ་ཆ་ 7.9% ཡར་འཕར། རྒྱུ་རྐྱེན་གཞན་ཞིག་ནི་ད་ལོར་གཞུང་གིས། ཚོང་ཟོག་མང་པོའི་སྟེང་ནས་ཚོང་ཁྲལ་བསྙུངས་ཟིན་པ་དེ་གྱུར་ཟིན་གསལ། ད་དུང་ཕྱི་ཟླ་ 10 ཚེས་ 20 ཉིན་ཆོས་ཀྱི་མར་མེའི་དུས་ཆེན་(Diwali)ཡིན་པས། སྐབས་དེར་མི་ཚོས་ཅ་དངོས་མང་པོ་ཉོ་བཞིན་ཡོད་པའང་དེའང་གྱུར།

གཞན་ཡང་ཨ་རིས་རྒྱ་གར་གྱི་སྟེང་བཀལ་བའི་སྒོ་ཁྲལ་བརྒྱ་ཆ་ 50% ཅན་དེ། ད་ལོའི་ཕྱི་ཟླ་ 8 ཚེས་ 27 ནས་ལག་བསྟར་འགོ་བཙུགས་ཟིན་པ་ལྟར། དེའི་སྔོན་དུ་རྒྱ་གར་ནས་ཨ་རིའི་རྒྱལ་ནང་ལ་ཚོང་ཟོག་གང་ཐུབ་དྲངས་ཟིན་པ་གསལ། ད་དུང་དེའི་སྔོན་གྱི་ཟླ་བ་ 3 གྱི་དུས་ཡུན་དང་བསྡུར་ན། ཕྱི་ཟླ་ 7 ནས་ཕྱི་ཟླ་ 9 བར། རྒྱལ་ནང་གི་བཟོ་གྲྭ་དག་གིས་ཀྱང་ཐོན་ཟོག་ཕྱིར་བཏོན་པའི་ཚད་དེ་བརྒྱ་ཆ་ 9.1% ལ་ཡར་འཕར། བཟོ་གྲྭ་མང་པོ་ཞིག་གིས་རྒྱ་གར་གྱི་མར་མེའི་དུས་ཆེན་དང་། ཨ་རིའི་སྒོ་ཁྲལ་གྱི་སྔོན་དུ་ཐོན་ཟོག་གང་ཐུབ་བཟོས་ཟིན་པས། འདི་ནི་བཟོ་གྲྭ་དག་གིས་ཐོན་ཟོག་ཕྱིར་བཏོན་པའི་ཚད་གཞི་ཡར་འཕར་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་གསལ།

དེ་བཞིན་ད་ལོར་སྤྱིའི་ཆ་ནས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཚད་དེ། བརྒྱ་ཆ་ 6.3% ནས་བརྒྱ་ཆ་ 6.8% ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་ནའང་། ད་ལྟ་རྒྱལ་ནང་གི་དགོས་མཁོ་དང་འཛད་སྤྱོད་ཀྱི་ཚད་གཞི་ཧ་ཅང་བརྟན་པོ་ཡིན་པས། ད་ལོའི་ལོ་ཧྲིལ་བོའི་ཡར་རྒྱས་ཚད་གཞི་དེ་བརྒྱ་ཆ་ 7% འགྱུར་རྒྱུ་ཡིན་པ། རྒྱ་གར་གཞུང་གི་དཔལ་འབྱོར་སྟོན་པ་གཙོ་བོ་ཞིག་གིས་བཤད། ནང་སྲིད་ཀྱི་ཆ་ནས། དཔལ་འབྱོར་སྙན་ཐོ་གསར་བ་འདི་ནི། སྲིད་བློན་མོ་དྷི་དང་གཞུང་འཛིན་ཆབ་སྲིད་ཚོགས་པར་གཏམ་བཟང་ཞིག་ཏུ་གྱུར་ཅིང་། འདིས་ས་ཁུལ་རང་བཞིན་ཅན་གྱི་འོས་བསྡུ་དག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་ཚོད་དཔག་བྱེད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།