Homeརྒྱལ་སྤྱི།དཀྱིལ་ཤར།ཨེ་ཛི་རལ་གྱི་དམག་མི་སེ་རི་ཡར་འཛུལ།

ཨེ་ཛི་རལ་གྱི་དམག་མི་སེ་རི་ཡར་འཛུལ།

Date:

ཁ་སང་ཨེ་ཛི་རལ་གྱི་དམག་དཔུང་སེ་རི་ཡའི་ལྷོ་ཕྱོགས་ས་ཁུལ་གྱི་གྲོང་གསེབ་ཅིག་ཏུ་འཛུལ། དེར་དྲག་འཐབ་ཁྲོད་ཉུང་མཐར་མི་ 13 བསད་ཅིང་། འདིའི་ཁྲོད་བྱིས་པ་དང་བུད་མེད་ཀྱང་ཚུད་ཡོད་པའི་གནས་ཚུལ་ཐོན།

ཁ་སང་ཨེ་ཛི་རལ་གྱི་དམག་དཔུང་སེ་རི་ཡའི་ལྷོ་ཕྱོགས་ས་ཁུལ་གྱི་གྲོང་གསེབ་ཅིག་ཏུ་འཛུལ། དེར་དྲག་འཐབ་ཁྲོད་ཉུང་མཐར་མི་ 13 བསད་ཅིང་། འདིའི་ཁྲོད་བྱིས་པ་དང་བུད་མེད་ཀྱང་ཚུད་ཡོད་པའི་གནས་ཚུལ་ཐོན། ཨེ་ཛི་རལ་གྱི་གཞུང་གིས། གྲོང་གསེབ་འདིར་དྲག་སྤྱོད་པ་སྐུང་ཡོད་པ་དང་། ཁོ་ཚོས་ཨེ་ཛི་རལ་གྱི་ཕྱོགས་སུ་ཚུར་རྒོལ་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་པ་བཤད།

ཐེངས་འདིའི་འགུལ་བསྐྱོད་སྤེལ་ཡུལ་གྱི་གྲོང་གསེབ་འདི་ནི། ཨེ་ཛི་རལ་གྱི་དབང་བསྒྱུར་འོག་ཡོད་པའི་གྷོ་ལན་མཐོ་སྒང་དང་འདབས་འབྲེལ་ཡོད་པ་གསལ། འདིའི་ཁྲོད་ཨེ་ཛི་རལ་གྱི་དམག་མིའང་ 6 ཚབས་ཆེན་རྨས་ཟིན་པའི་གནས་ཚུལ་ཐོན། ལོ་སྔོན་མའི་མཇུག་ཏུ་སེ་རི་ཡའི་བྷ་ཤར་ཨ་སི་རྡིའི་སྲིད་དབང་མཇུག་བསྡུས་ཟིན་ནའང་། སེ་རི་ཡ་དང་ཨེ་ཛི་རལ་གྱི་འབྲེལ་བ་སྔར་བཞིན་བརྟན་པོར་བཟོ་མ་ཐུབ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག