Homeརྒྱལ་སྤྱི།ཨེ་ཤ་ཡ།བརྙན་མིག་བརྒྱུད་གསང་ལྟ།

བརྙན་མིག་བརྒྱུད་གསང་ལྟ།

Date:

ལྷོ་ཀོ་རེ་ཡའི་དྲྭ་ལམ་འཇབ་རྒོལ་བྱེད་མཁན་སྐོར་ཞིག་གིས། ཁྱིམ་ཚང་དང་སྨན་ཁང་སོགས་སུ་བཙུགས་ཡོད་པའི་བརྙན་མིག་གྲངས་120,000 ལ་འཇབ་རྒོལ་བྱས།

ལྷོ་ཀོ་རེ་ཡའི་དྲྭ་ལམ་འཇབ་རྒོལ་བྱེད་མཁན་སྐོར་ཞིག་གིས། ཁྱིམ་ཚང་དང་སྨན་ཁང་སོགས་སུ་བཙུགས་ཡོད་པའི་བརྙན་མིག་གྲངས་120,000 ལ་འཇབ་རྒོལ་བྱས་ཟིན་པ་དང་། ཁོ་ཚོས་མི་སྒེར་གྱི་གནས་ཚུལ་དང་། བྱ་བྱེད་ཕོན་ཆེན་ཞིག་བརྙན་དུ་འཕབ་ཟིན་པ་མ་ཟད། དེ་དག་ལས་མང་པོ་ཞིག་འཁྲིག་སྤྱོད་གློག་བརྙན་གྱི་དྲྭ་ཚིགས་དག་ལ་འཚོང་ཆེད་ཡིན་པའི་གནས་ཚུལ་ཐོན།

དོན་རྐྱེན་འདི་དང་འབྲེལ་ལྷོ་ཀོ་རེ་ཡའི་བདེ་སྲུང་མི་སྣས། དོགས་ཡོད་ཉེས་ཅན་ 3 བཟུང་ཟིན་པ་བསྒྲགས། སྔར་ལྷོ་ཀོ་རེ་ཡའི་བུ་མོ་མང་པོའི་ངོ་པར་དེ། བཅོས་མའི་རིག་པ་སྤྱད་ནས་འཁྲིག་སྤྱོད་གློག་བརྙན་སོགས་བཟོ་ཆེད་བཀོལ་བཞིན་པའི་གནས་ཚུལ་ཆེན་པོ་ཞིག་བྱུང་།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག