Homeདཔལ་འབྱོར།འཕྲུལ་རིགཁ་པར་ནང་ཉེན་ཆས་གསར་བ།

ཁ་པར་ནང་ཉེན་ཆས་གསར་བ།

Date:

རྒྱ་གར་འབྲེལ་མཐུད་ལྷན་ཁང་གིས། རྒྱ་གར་གྱི་ལག་འཁྱེར་ཁ་པར་བཟོ་གྲྭ་དག་ལ། ཁ་པར་ཚང་མའི་ནང་དུ་དྲྭ་རྒྱུའི་བདེ་འཇགས་དང་འབྲེལ་བའི་ཉེན་ཆས། གཞུང་གིས་བཟོས་པ་ཞིག་ངེས་པར་དུ་འཇོག་དགོས་པའི་བཀའ་བཏང་། ཐག་གཅོད་འདི་བདུན་ཕྲག་སྔོན་མར་བྱས་ཟིན་པ་ལ། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཉེན་ཆས་འདི་ཅི་ཞིག་ཡིན་པའི་གནས་ཚུལ་ཞིབ་ཕྲ་ཕྱིར་བཀྲམས་ཤིང་། བཀའ་རྒྱ་འདི་འབྱུང་འགྱུར་ཉིན་ 90 ནང་ལག་བསྟར་ཡོངས་སུ་གྲུབ་དགོས་པ་བཤད། 

གཞུང་གི་འགྲེལ་བཤད་ལྟ་ན། འདི་ནི་ཁ་པར་ལོག་སྤྱོད་མི་བྱ་ཆེད་དང་། རྐུས་ཟིན་པའི་ཁ་པར་ཕྱིར་རྙེད་ཆེད། སྤྱོད་མཁན་གྱི་ངོ་བོ་ངོས་འཛིན་ཐུབ་ཆེད་ཡིན་པ་བཤད། དེ་བཞིན་ཀུ་ཤུ་དང་ལྷོ་ཀོ་རེ་ཡའི་སམ་སང་འཕྲུལ་རིགས་ཁེ་གཉེར་སོགས་ལ། རྒྱ་གར་གྱིས་གསང་བའི་ངང་འབྲེལ་བྱས་ནས་རྒྱ་གར་དུ་འཚོང་རྒྱུའི་ཁོ་ཚོའི་ཁ་པར་དག་གི་ནང་།གཞུང་གི་ཉེན་ཆས་དང་པོ་ནས་འཇོག་རྒྱུའི་སྐོར་བཤད་ཟིན་པ་རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད།

ཡིན་ན་ཡང་། གཞུང་གི་ཐག་གཅོད་འདིའི་རྒྱ་གར་སྤྱི་ཚོགས་དང་གསར་ལམ་དུ་རྩོད་པ་དང་། དགག་པ་ཤུགས་ཆེན་བྱུང་ཞིང་། ལྷག་པར་ཕྱོགས་འགལ་ཆབ་སྲིད་པ་ཚོས་དགག་པ་དྲག་པོ་བརྒྱབས་ཤིང་།
ཀུ་ཤུ་དང་སམ་སང་སོགས་ཀྱིས་ཀྱང་རྒྱ་གར་གྱི་ཐག་གཅོད་འདི་ངོས་ལེན་བྱ་འཆར་མེད་པ་སྒེར་ནས་བརྡ་སྤྲད་ཟིན་པ་གསལ། མཐར་དེ་རིང་རྒྱ་གར་འབྲེལ་མཐུད་ལྷན་ཁང་གིས། ཁོ་ཚོའི་ཐག་གཅོད་འདི་ཕྱིར་འཐེན་ཟིན་པ་རོའུ་ཀྲར་གསར་ཤོག་གིས་གནས་ཚུལ་བཀོད། 

ཉེན་ཆས་གསར་བ་འདིའི་མིང་ལ་(Sanchar Saathi)ཞེས་ཟེར་ཅིང་། ཁ་པར་ཐོག་མར་ཉོས་པ་ནས་ནང་དུ་བཞག་ཟིན་པ་ཡིན་དགོས་པའི་ཉེན་ཆས་འདིས། ཁ་པར་གཏོང་རྒྱུ་དང་འཕྲིན་ཡིག་བསྐུར་རྒྱུ་ཚུན་ལ་སྟངས་འཛིན་ཐུབ་པ་མ་ཟད། ཁ་པར་ནང་གི་པར་དང་ཡིག་སྒམ། བརྙན་མིག་ཚུན་ལ་ལྟ་བརྟག་ཐུབ་པ་བཤད་ཅིང་། འདི་ནི་མི་སྒེར་གྱི་རང་དབང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པའི་སྐྱོན་བརྗོད་དྲག་པོ་བྱས། རྒྱ་གར་ནི་ཁ་པར་གྱི་ཁྲོམ་ར་ཆེ་ཤོས་ཤིག་དང་ཁ་པར་སྤྱོད་མཁན་གྲངས་ཐེར་འབུམ་ 1.2 ལས་བརྒལ་ཡོད་པ་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།