Homeརྒྱལ་སྤྱི།ཨེ་ཤ་ཡ།ཀོམ་བྷོ་ཀྲི་ཡ་དང་ཐེ་ལན་གྱི་རྩོད་རྙོག

ཀོམ་བྷོ་ཀྲི་ཡ་དང་ཐེ་ལན་གྱི་རྩོད་རྙོག

Date:

ད་ལྟ་བར་ཐེ་ལན་གྱི་དམག་མི་ 3 དང་། ཉུང་མཐར་ཀམ་བྷོ་ཀྲི་ཡའི་མི་སེར་ 7 བཅས་བསད། ཐོག་མའི་ཐད་ཀའི་རྒྱུ་རྐྱེན་ཐད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་སྟེང་སྐྱོན་འཛུགས་རེས་བྱས།

གཟའ་ཉི་མའི་ཉིན་ནས། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཐེ་ལན་དང་ཀམ་བྷོ་ཀྲི་ཡ་གཉིས་ཀྱི་ས་མཚམས་སུ། ཕན་ཚུན་གྱི་དམག་མིའི་བར་དྲག་ཟིང་བྱུང་ཞིང་། ཁ་སང་ནས་ཕན་ཚུན་གྱི་རྒྱལ་ནང་ལ་གཏོར་རྒོལ་ཁྲོད། ད་ལྟ་བར་ཐེ་ལན་གྱི་དམག་མི་ 3 དང་། ཉུང་མཐར་ཀམ་བྷོ་ཀྲི་ཡའི་མི་སེར་ 7 བཅས་བསད། ཐོག་མའི་ཐད་ཀའི་རྒྱུ་རྐྱེན་ཐད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་སྟེང་སྐྱོན་འཛུགས་རེས་བྱས།

སྔར་ཀམ་བྷོ་ཀྲི་ཡ་དེ་ཧྥ་རན་སིའི་མི་སེར་སྤེལ་ཡུལ་ཡིན་པ་ལ། ཕྱི་ལོ་1953 ལོར་རང་བཙན་ཐོབ་རྗེས། ས་མཚམས་དབྱེ་སྟངས་ཀྱི་ཆ་ནས་ཕྱོགས་འདིར་གནའ་བོའི་ཧིན་རྡུའི་ལྷ་ཁང་ཞིག་ཡོད་པ། ཀམ་བྷོ་ཀྲི་ཡའི་མངའ་ཁོངས་སུ་བཅུག ལྷ་ཁང་འདི་ནི་གཙོ་གཞི་ཞིག་ཏུ་གྱུར་ཅིང་། འདིའི་ཆེད་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཡང་གཏུག་བཤེར་བྱས་ཤིང་། ཕྱི་ལོ་ 2008 ལོར་ཀམ་བྷོ་ཀྲི་ཡའི་གཞུང་གིས། ལྷ་ཁང་འདི་རྒྱལ་སྤྱིའི་ཤུལ་བཞག་རིག་དངོས་གཅེས་མཉར་ཁྲོད་ཐོ་འགོད་བྱེད་ཐབས་བྱས་རྐྱེན། རྒྱལ་ཁབ་གཉིས་བར་རྙོག་ཟིང་ཆེན་པོ་འགོ་བཙུགས།

ད་ལོའི་ཕྱི་ཟླ་ 5 དང་ཕྱི་ཟླ་ 7 ནང་ཡང་བསྐྱར་གནས་ཚུལ་སྡུག་ཏུ་ཕྱིན། ཕྱི་ཟླ་ 7 ནང་རྒྱལ་ཁབ་གཉིས་བར་ཉིན་ 5 རིང་འཐབ་འཛིང་བྱུང་བའི་རྗེས། རྒྱལ་ཁབ་གཉིས་ཀྱིས་རྒྱལ་མཚམས་སུ་འགྲོ་བསྐྱོད་བཀག་ཅིང་། ཀམ་བྷོ་ཀྲི་ཡས་ཐེ་ལན་ནས་ཤིང་ཏོག་དང་སྔོ་ཚལ། གློག་དང་དྲྭ་རྒྱ་སོགས་ནང་འདྲེན་བྱེད་རྒྱུ་མཚམས་བཞག སྐབས་དེར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་གཞན་དག་དང་། ཨ་རི་བཅས་ཀྱིས་བར་འདུམ་བརྒྱུད། ཕྱི་ཟླ་ 10 ཚེས་ 26 ཉིན་ཞི་བའི་གྲོས་མཐུན་བཞག་ཅིང་།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག