Homeརྒྱལ་སྤྱི།བྱང་ཨ་རི། གསེར་གྱི་བྱང་བུ། 

གསེར་གྱི་བྱང་བུ། 

Date:

འབྱོར་ལྡན་ཚོ་ཨ་རིའི་རྒྱལ་ནང་ལ་ཡོང་ཆེད་དང་ཨ་རིའི་རྒྱལ་ནང་དུ་འདུག་ཆོག་པ། མཐར་མི་སེར་ཆོག་ཐུབ་པའི་ཐོངས་མཆན་གསར་བ་ཞིག་ཕྱིར་བཏོན། ཐོངས་མཆན་འདིའི་མིང་ལ་ཁྲི་རམ་ཕུའི་གསེར་གྱི་བྱང་བུ་ཞེས་འབོད།

ད་ལོའི་ཕྱི་ཟླ་ 1 ནང་ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་སྟེགས་སུ་སླེབས་རྗེས། འོས་བསྡུའི་སྐབས་སུ་ཁོས་རྒྱབ་སྐྱོར་བ་ཚོར་ཁས་བླངས་ཟིན་པ་ལྟར། ལྷོ་ཕྱོགས་རྒྱལ་མཚམས་བརྟན་སྲུང་དང་། ཕྱི་རྒྱལ་ནས་ཨ་རིའི་རྒྱལ་ནང་དུ་ཡོང་རྒྱུའི་ལམ་ཀ་ཧ་ཅང་ཁག་ཏུ་བཏང་ཞིང་། དུས་དེ་ནས་ད་ལྟ་བར། ཨ་རིས་ཕྱི་རྒྱལ་གྱི་ཐོངས་མཆན་གྲངས་ 85,000 ཕྱིར་བསློགས་ཟིན་པའི་གནས་ཚུལ་ཐོན།

དེ་བཞིན་གཙོ་བོ་དཀྱིལ་ཤར་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ 19 ཡི་མིར་ཐོངས་མཆན་སྤྲོད་མཚམས་བཞག་ཅིང་། སྲིད་འཛིན་བྷ་ཀྲན་གྱི་སྐབས་སུ་ཨ་རིའི་རྒྱལ་ནང་དུ་འཛུལ་ཟིན་པའི་མི་མང་པོའི་ཡིག་ཆར་ཞིབ་འཇུག་འགོ་བཙུགས། གནས་སྡོད་ཆོག་མཆན་དེབ་ལྗང་ཁུའི་ཆེད་སྙན་ཞུ་གསར་བ་མི་ལེན་རྒྱུ་དང་། ཡར་ཕུལ་ཟིན་པའི་སྙན་ཞུ་དག་ལ་བསྐྱར་ཞིབ་ཀྱི་ལས་ཀ་ཞིག་འགོ་བཙུགས་ཟིན།

ཡིན་ན་ཡང་། དེ་དང་ལྷན་ཕྱི་རྒྱལ་ནས་འབྱོར་ལྡན་དག་ཨ་རིའི་རྒྱལ་ནང་དུ་ཡོང་རྒྱུའི་སྲིད་བྱུས་ཤིག་ཀྱང་ཞོར་དུ་བཟུང་། སྲིད་བྱུས་འདིའི་འོག་ནས་ཁོས་ཕྱི་རྒྱལ་གྱི་འབྱོར་ལྡན་དག་ཨ་རིའི་རྒྱལ་ནང་དུ་ཡོང་ཆེད་དང་། མཐར་ཨ་རིའི་མི་སེར་ཆགས་རྒྱུའི་ལམ་ཀ་ལས་སླ་རུ་གཏོང་ཆེད།ཐོངས་མཆན་རིགས་གསར་བ་ཞིག་བཟོས། ཐོངས་མཆན་གསར་བ་འདིའི་མིང་ལ་ཁྲི་རམ་ཕུའི་གསེར་གྱི་བྱང་བུ་ཞེས་འབོད་ཅིང་། ཁ་སང་ཁོས་བྱང་བུ་འདི་ཕྱིར་བཏོན།

བྱང་བུ་འདིའི་རིན་གོང་ལ་ཨ་སྒོར་ས་ཡ་ $1 ཡིན་པ་བསྒྲགས། སྤྱིར་འཆར་གཞི་འདི་འདྲ་ཞིག་ཡོད་པ་ད་ལོའི་ལོ་འགོ་ནས་ཁྱབ་བསྒྲགས་བྱས་ཟིན་ལ། སྐབས་དེར་མང་གཙོ་ཚོགས་པས་འདི་ནི་འབྱོར་ལྡན་ཁོ་ནར་དམིགས་པ་ཞིག་དང་། དབྱེ་འབྱེད་ཅིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།