Homeདཔལ་འབྱོར།ཚོང་འབྲེལ།ཨེ་ཤ་ཡའི་རྒྱལ་ཁབ་འགའི་སྟེང་སྒོ་ཁྲལ། 

ཨེ་ཤ་ཡའི་རྒྱལ་ཁབ་འགའི་སྟེང་སྒོ་ཁྲལ། 

Date:

བྱང་ཨ་རིའི་མེག་སེ་ཀོ་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མ་ནས། རྒྱ་ནག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་འགའི་ཚོང་ཟོག་སྟེང་། ལོ་རྗེས་མ་ནས་སྒོ་ཁྲལ་བརྒྱ་ཆ་ 35% ནས་ 50% བར་ཡར་སྤར་རྒྱུའི་ཁྲིམས་འཆར་ཞིག་ཕྱིན།

གཟའ་ལྷག་པའི་ཉིན། བྱང་ཨ་རིའི་མེག་སེ་ཀོ་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མ་ནས། རྒྱ་ནག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་འགའི་ཚོང་ཟོག་སྟེང་། ལོ་རྗེས་མ་ནས་སྒོ་ཁྲལ་བརྒྱ་ཆ་ 35% ནས་ 50% བར་ཡར་སྤར་རྒྱུའི་ཁྲིམས་འཆར་ཞིག་ཕྱིན། སྒོ་ཁྲལ་འདི་འགེལ་ཡུལ་གྱི་ཁྲོད་གཙོ་བོ་རྒྱ་ནག་དང་གཞན་དག་ནི། རྒྱ་གར་དང་ལྷོ་ཀོ་རེ་ཡ། ཐེ་ལན། ཨིན་རྡུ་ནེ་ཤི་ཡ་བཅས་ཚུད་ཅིང་། སྒོ་ཁྲལ་འགེལ་སའི་ཚོང་ཟོག་ནི་གཙོ་བོ་རླངས་འཁོར་དང་། རླངས་འཁོར་གྱི་ཆ་ཤས། རྣོ་ལྕགས། རས་ཆ་དང་གྱོན་ཆས་ཀྱི་རིགས། འགྱིག་རིགས་དང་ལྷམ་བཅས་ཐོན་ཟོག་རིགས་ 1,400 ཡས་མས་ཚུད། 

སྒོ་ཁྲལ་འདི་འགེལ་དགོས་པའི་རྒྱུ་མཚན་དུ། ཨེ་ཤ་ཡ་ནས་རིན་གོང་ཆུང་བའི་ཐོན་ཟོག་བླུག་རྒྱུ་སྔོན་འགོག་དང་། རྒྱལ་ནང་གི་བཟོ་གྲྭ་དག་སྲུང་སྐྱོབ་ཆེད་ཡིན་པ་བསྒྲགས། དེ་མ་ཐག་རྒྱ་ནག་ཚོང་ལས་ལྷན་ཁང་གིས། མེག་སེ་ཀོའི་སྒོ་ཁྲལ་གསར་བ་འདིས་ཀྲུང་གོའི་ཚོང་འབྲེལ་ཁེ་ཕན་ལ་གནོད་རྒྱུ་དང་། ཕྱོགས་གཅིག་ཁོ་ནས་ཐག་གཅོད་ཀྱིས་སྒོ་ཁྲལ་བཀལ་བར་ངོ་རྒོལ་བྱ་རྒྱུ་ཡིན། མེག་སེ་ཀོའི་ངོས་ནས་སྲུང་སྐྱོབ་རིང་ལུགས་(རང་གི་ཐོན་རྫས་སྲུང་སྐྱོབ་ཕྱིར་གཞན་གྱི་ཚོང་རྫས་འགོག་པ།)ཀྱི་བྱེད་སྟངས་འདི་ལ་ནོར་བཅོས་བྱ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བསྒྲགས།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ད་ལྟ་བར་འདིའི་ཐད་གང་ཡང་མ་བཤད། རྒྱ་ནག་ནི་མེག་སེ་ཀོའི་ཚོང་འབྲེལ་མཐུན་གྲོགས་ཆེ་ཤོས་གཉིས་པ་དེ་ཡིན་ནའང་། རྒྱ་ནག་དེ་ཕར་འཚོང་མཁན་ཞིག་ལས་ཚུར་ཉོ་མཁན་ཞིག་མིན་པས། འདིས་རྒྱལ་སྤྱིའི་ཚོང་འབྲེལ་ཁྲོད་འདྲ་མཉམ་མ་ཡིན་པའི་སྣང་ཚུལ་ཆེན་པོ་ཞིག་བསྐྲུན་ཅིང་། དེའི་རྐྱེན་པས་ཨ་རི་དང་ཡུ་རོབ་སོགས་ཀྱིས་སྒོ་ཁྲལ་ཡར་སྤར། སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་གིས། བྱང་ཨ་རིའི་རང་དབང་ཚོང་འབྲེལ་གྲོས་མཐུན་ཏེ། ཁེ་ན་ཀྲ་དང་ཨ་རི། མེག་སེ་ཀོ་གསུམ་གྱི་བར་བཞག་པའི་ཚོང་འབྲེལ་གྲོས་མཐུན་(USMCA)ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་ལྟར།

དབྱེ་ཞིབ་པ་ཚོ་ལྟར་ན། ཐེངས་འདིར་མེག་སེ་ཀོ་གཞུང་གིས་འདི་ལྟར་ཐག་བཅད་པ་ནི། ཡིག་ཆ་འདི་ལ་བསྐྱར་ཞིབ་མ་བྱས་པའི་སྔོན་དུ། གཙོ་བོ་ཁོ་ཚོའི་བྱང་ཕྱོགས་ཁྱིམ་མཚེས་དང་། ཁོ་ཚོའི་ཐོན་ཟོག་ཉོ་མཁན་ཆེ་ཤོས་ཨ་རི་ལ་བསྟུན་ཆེད་དམ། ཨ་རི་དགའ་རུ་འཇུག་ཆེད་ཡིན་པ་བཤད་ཅིང་། གཞུང་ལ་ཡོང་སྒོ་ལས་འགྲོ་གྲོན་མང་བའི་དཀའ་ངལ་འདི་སེལ་ཆེད། མེག་སེ་ཀོ་གཞུང་གིས་ལོ་རྗེས་མར་ཚོང་ཁྲལ་གྱི་ཡོང་ྒསྒོ་ཨ་སྒོར་ཐེར་འབུམ་ $3.76 ལ་ཡར་སྤར་ཐུབ་པའི་དམིགས་ཡུལ་བཟུང་ཡོད་པ་གསལ།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག