Homeརྒྱལ་སྤྱི།ཨ་མེ་རི་ཀགྲུ་གཟིངས་ཤིག་བཟུང་། 

གྲུ་གཟིངས་ཤིག་བཟུང་། 

Date:

ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་ཡོད་པའི་ཨ་རིའི་དམག་དཔུང་གིས། ཝེ་ནེ་ཛོ་ལའི་མཚོ་རྒྱུད་དུ་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས་ཆེན་པོ་ཞིག་བཟུང་། ཨ་རིའི་ལས་བྱེད་དག་ལྟར་ན་དེ་ནི་ཉེས་ཆད་འོག་ཡོད་པའི་ཨེ་རན་དང་། ཝེ་ནེ་ཛོ་ལའི་རྡོ་སྣུམ་སྐྱེལ་མཁན་ཞིག་ཡིན་པ་བསྒྲགས།

ཁཱ་རེ་བྷེ་ཡན་མཚོ་རྒྱུད་དུ་ཡོད་པའི་ཨ་རིའི་དམག་དཔུང་གིས། ཝེ་ནེ་ཛོ་ལའི་མཚོ་རྒྱུད་དུ་རྡོ་སྣུམ་སྐྱེལ་མཁན་གྱི་གྲུ་གཟིངས་ཆེན་པོ་ཞིག་བཟུང་། ཨ་རིའི་ལས་བྱེད་དག་ལྟར་ན་དེ་ནི་ཉེས་ཆད་འོག་ཡོད་པའི་ཨེ་རན་དང་། ཝེ་ནེ་ཛོ་ལའི་རྡོ་སྣུམ་སྐྱེལ་མཁན་ཞིག་ཡིན་པ་བསྒྲགས་ཤིང་། ཝེ་ནེ་ཛོ་ལའི་གཞུང་གིས། འདི་ནི་མཚོ་ཇག་གི་བྱེད་སྟངས་ཤིག་རེད་ཅེས་བཤད།

དེ་དང་ལྷན་ད་ལོར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན། ཝེ་ནེ་ཛོ་ལའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད། ལྕམ་མཱ་ཅ་རྡོ་(Machado)མདང་དགོང་གློ་བུར་དུ་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་སླེབས་ཤིང་། མོ་ལ་ཐོབ་ཟིན་པའི་ནོ་བྷེ་ཞི་བདེའི་གཟེངས་རྟགས་ལེན་དུ་ཡོང་ཡིན་པ་བསྒྲགས། ད་ལོའི་ཕྱི་ཟླ་ 1 ནང་ནས་ད་ལྟ་ལོ་ན་ 58 ཡིན་པའི་བུད་མེད་འདི་མི་རྣམས་ཀྱི་མཐོང་ལམ་ནས་བརླགས་ཤིང་། ཝེ་ནེ་ཛོ་ལའི་རྒྱལ་ནང་དུ་བསྐུངས་ཡོད་པ་གསལ། མོའི་ཕྱི་བསྐྱོད་ལ་བཀག་བསྡོམས་བྱས་ཡོད་ཀྱང་ཁ་སང་མོ་གསང་བའི་ངང་ཡུ་རོབ་ཏུ་སླེབས།

མོས་སྦི་སྦི་སི་གསར་ཁང་ལ། ང་རང་ཕྱིར་འགྲོ་ངེས་ཡིན། ངས་ཉེན་ཁ་ཅི་ཞིག་དང་ལེན་བྱེད་བཞིན་པ་རང་ཏག་ཏག་ཧ་གོ་ཡོད་ཅེས་བཤད། མོ་རང་འདི་ལྟར་གསང་བའི་ངང་ནོར་ཝེ་རུ་ཡོང་བཞིན་པ། གཟེངས་རྟགས་ཚོགས་ཆུང་གིས་ཀྱང་མ་ཤེས་པ་བཤད། ལོ་སྔོན་མའི་སྲིད་འཛིན་འོས་བསྡུའི་ཁྲོད། མཱ་རྡུ་རོ་གཞུང་གིས་མོ་ལ་ཉེས་མིང་འདྲ་མིན་བཏགས་ནས་འགྲན་རྩོད་ཁྲོད་ཞུགས་སུ་མ་བཅུག་ཅིང་། མཐར་མཱ་རྡུ་རོ་རང་ཉིད་ལ་སྲིད་འཛིན་སྐབས་གསུམ་པའི་རྒྱལ་ཁ་ཐོབ་ཟིན་པ་བསྒྲགས།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།