Homeརྒྱལ་སྤྱི།དཀྱིལ་ཤར།ཐེ་ཝན་གྱི་སྲིད་བློན་ཨེ་ཛི་རལ་དུ་ཡོང་བ།

ཐེ་ཝན་གྱི་སྲིད་བློན་ཨེ་ཛི་རལ་དུ་ཡོང་བ།

Date:

ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ། གསང་བའི་ངང་ཨེ་ཛི་རལ་དུ་ཐེངས་ 3 ལ་ཕྱིན་ཟིན་པ་དང་།ཟླ་བ་འདིའི་ནང་ཐེངས་ 2 ལ་ཕྱིན་ཟིན་པའི་གནས་ཚུལ་ཐོན། 

རོའུ་ཀྲར་གསར་ཤོག་ལ་འབྲེལ་ཡོད་ལས་བྱེད་མིང་བརྗོད་འདོད་མེད་པ་འགས་གནས་ཚུལ་མཁོ་སྤྲོད་ལྟར་ན། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ། གསང་བའི་ངང་ཨེ་ཛི་རལ་དུ་ཐེངས་ 3 ལ་ཕྱིན་ཟིན་པ་དང་།ཟླ་བ་འདིའི་ནང་ཐེངས་ 2 ལ་ཕྱིན་ཟིན་པ་བཤད། རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་ཆེ་རུ་འགྲོ་བཞིན་པ་དང་ལྷན། ཐེ་ཝན་གྱིས་ཨེ་ཛི་རལ་ནི་མང་གཙོའི་མཐུན་གྲོགས་དང་། བདེ་སྲུང་གི་ཐད་ནས་ཨེ་ཛི་རལ་དང་ལྷན་མཉམ་ལས་བྱ་རྒྱུར་གལ་ཆེན་དུ་རྩི་བཞིན་པ་གསལ།

ལྷག་པར་ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་འགོག་ཆེད། རང་གི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུར་འབད་པ་བྱེད་བཞིན་པ་དང་། དེའི་ཆེད་ཨ་རི་ནས་གནམ་སྲུང་མ་ལག་ཉོ་བཞིན་པ་མ་ཟད། ཐེ་ཝན་རང་གིས་ཀྱང་གནམ་སྲུང་མ་ལག་བཟོ་བཞིན་པ་གསལ།

ཨེ་ཛི་རལ་གྱི་གནམ་སྲུང་མ་ལག་གྲགས་ཅན་ལྕགས་ཀྱི་སྒྲོམ་(Iron Dome)ནི། རྒྱལ་སྤྱིའི་སྟེང་གི་ནུས་པ་ཆེ་ཤོས་ཀྱི་གནམ་སྲུང་མ་ལག་ཅིག་ཡིན་པ་ལྟར། ཐེ་ཝན་གྱི་ལག་རྩལ་འདི་ཐོབ་རྒྱུར་འབད་པ་བྱེད་བཞིན་པ་གསལ། རྒྱལ་ཁབ་གཞན་དག་ཕལ་ཆེ་བ་ལྟར། ཨེ་ཛི་རལ་གྱིས་ཀྱང་ཐེ་ཝན་དེ་རང་བཙན་རྒྱལ་ཁབ་ཅིག་ཏུ་ཁས་མི་ལེན།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།