Homeརྒྱལ་སྤྱི།ཡུ་རོབ།ཕུ་ཀྲན་གྱིས་གཞི་རྒྱ་ཆེ་བའི་དམག་འཁྲུག་སློང་སྲིད་པ།

ཕུ་ཀྲན་གྱིས་གཞི་རྒྱ་ཆེ་བའི་དམག་འཁྲུག་སློང་སྲིད་པ།

Date:

དོན་དངོས་སུ་ཡུ་ཁུ་རན་ཧྲིལ་བོ་མ་ཟད། སྔར་གྱི་ཨུ་རུ་སུ་དམར་པོའི་ཆ་ཤས་ཡིན་པའི་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་དག་འཛིན་རྒྱུའི་དམིགས་ཡུལ་དེ། ཕུ་ཀྲན་གྱིས་སྔར་བཞིན་དོར་མི་འདུག་ཅེས་བཤད།

རོའུ་ཀྲར་གསར་ཤོག་གིས། ད་ལོའི་ཕྱི་ཟླ་ 9 ནང་བཏོན་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཡིག་ཆ་ཞིག་ལུང་འདྲེན་གྱིས་གནས་ཚུལ་བཀོད་པ་ལྟར་ན། སྒྲོ་ནལ་ཁྲི་རམ་ཕུས་ཕུ་ཀྲན་ལ་དམག་འཁྲུག་འདི་མཚམས་འཇོག་འདོད་འདུག་ཅེས་ཡང་ཡང་བཤད་མིན་ལ་མ་ལྟོས་པར། དོན་དངོས་སུ་ཡུ་ཁུ་རན་ཧྲིལ་བོ་མ་ཟད། སྔར་གྱི་ཨུ་རུ་སུ་དམར་པོའི་ཆ་ཤས་ཡིན་པའི་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་དག་འཛིན་རྒྱུའི་དམིགས་ཡུལ་དེ། ཕུ་ཀྲན་གྱིས་སྔར་བཞིན་དོར་མི་འདུག་ཅེས་བཤད།

ཨ་རིའི་གསང་བའི་ལས་བྱེད་ཅིག་གིས། ཡུ་རོབ་ཀྱི་དབུ་ཁྲིད་ཚོས་འདི་ལ་ངོས་འཛིན་གསལ་བོར་ཐོབ་ཡོད་པ་དང་། ཕོ་ལན་ཀྲིའི་མི་ཚོས་ཀྱང་འདི་ཉིད་གསལ་བོར་ངོས་འཛིན་ཐོབ་ཡོད་པ་མ་ཟད། ཨེ་སི་ཏོ་ནེ་ཡ་དང་ལ་ཏི་ཝེ་ཡ། ལི་ཐོ་ཝེ་ནེ་ཡ་གསུམ་གྱིས། རང་ཉིད་ནི་ཕུ་ཀྲན་གྱིས་ཐོག་མར་ཚུར་རྒོལ་བྱ་ཡུལ་དུ་འགྱུར་རྒྱུ་ཡིན་པ་འདོད་བཞིན་འདུག་ཅེས་བཤད། ཁ་སང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས་ཀྱང་། ཕུ་ཀྲན་ལ་ཡུ་ཁུ་རན་ཆ་ཚང་ལེན་འདོད་ཡོད་དམ། དམག་འཁྲུག་འདི་མཚམས་འཇོག་འདོད་ཡོད་ངས་ཀྱང་མི་ཤེས་ཞེས་དངོས་སུ་བཤད།

གོང་གི་གསང་བའི་ཡིག་ཆ་འདི་ནི། ཕུ་ཀྲན་གྱི་དམིགས་ཡུལ་དངོས་ཏེ། ཁོས་ཐུབ་ན་ཡུ་རོབ་ལ་ཕར་རྒོལ་ལས་ཡུ་ཁུ་རན་གཅིག་བུ་ལེན་རྒྱུ་ཙམ་ཞིག་མིན་པའི་བདེན་དཔང་བཙན་ཤོས་དེ་གྱུར། དོན་དངོས་སུ་སྐད་ཆ་འདི་ད་ལྟ་བར་ཡུ་ཁུ་རན་དང་། ཡུ་རོབ་ཀྱི་རྒྱལ་མང་པོས་ཤོད་ཀྱིན་ནའང་། རཱ་ཤི་ཡ་དང་ནུབ་ཕྱོགས་ཀྱི་རྙིང་ཞེན་ཤོག་ཁག་གིས། འདི་ནི་ཡུ་ཁུ་རན་གྱིས་རང་ལ་གོ་ལག་ཐོབ་ཐབས་ཆེད། ཡུ་རོབ་རྒྱལ་ཁབ་དག་ལ་འཇིགས་སྐུལ་བྱེད་ཅིག་དང་། རྒྱལ་ཁབ་གཞན་དམག་འཁྲུག་གི་ནང་འདྲུད་འདོད་ཀྱི་གཡོ་གཏམ་ཞིག་རེད་ཅེས་ཤོད་བཞིན་ཡོད།

གནས་ཚུལ་གཞན་ཞིག་ནི་ཡུ་དམག་གི་གཡུལ་སའི་འགོག་སྲུང་བཙན་ཤོས་དག་ཡོད་ས། རྡོན་པ་སི་ས་ཁུལ་དག་རཱ་ཤི་ཡར་སྤྲོད་དགོས་པ། ཨ་རིས་ཡུ་ཁུ་རན་ལ་གནོན་ཤུགས་སྤྲོད་བཞིན་པ་ལྟར། ད་དུང་དམག་འཁྲུག་མཚམས་འཇོག་རྒྱུའི་ཆ་རྐྱེན་དུ། ཡུ་དམག་གི་གྲངས་འབུམ་ 8 བར་སྙུང་རྒྱུ་ཡུ་ཁུ་རན་དང་ཡུ་རོབ་ཀྱིས་ངོས་ལེན་བྱ་རྒྱུའི་རྣམ་འགྱུར་སྟོན་བཞིན་ནའང་། ཕུ་ཀྲན་གྱིས་ད་དུང་མར་སྙུང་འདོད་ཡོད་པ་ལ། ཨ་རིས་ཕུ་ཀྲན་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲ་སྒྲིག་ཡོད་པ་བཤད། སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ་ཝེ་ཀྲི་ཀོ་ཧྥི་ཡིས། ཡུ་ཁུ་རན་གྱི་མངའ་སྡེ་ 4 དང་། ཁི་རཱ་མེ་ཡ་བཅས་རཱ་ཤི་ཡར་དབང་ཆོག་པའང་བཤད་ཟིན།

ཡུ་ཁུ་རན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་དབུ་ཁྲིད་དམག་སྤྱི་བྷུ་རྡ་ནོ་ཝི་ཡིས། རཱ་ཤི་ཡ་ལ་བྷལ་ཀྲི་ཁི་རྒྱལ་ཁབ་དག་དབང་སྒྱུར་རྒྱུའི་འཆར་གཞི་འདུག ཕྱི་ལོ་ 2027 བར་ཁོ་ཚོས་ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་འགྲུབ་ཏུ་འཇུག་རྒྱུ་རེད་ཅེས་བཤད། བྷལ་ཀྲི་ཁི་རྒྱལ་ཁབ་དག་ཟེར་ན་ཨེ་སི་ཏོ་ནེ་ཡ་དང་། ལི་ཐོ་ཝེ་ནེ་ཡ། ལ་ཏི་ཝེ་ཡ་བཅས་ཡིན་པ་དང་། ཨུ་རུ་སུ་འཐོར་བ་དང་འདི་དག་ལ་རང་བཙན་ཐོབ་ཅིང་།འབྱུང་འགྱུར་གྱི་བདེ་སྲུང་ལ་ཁག་ཐེག་ཆེད་ནུབ་ཆིངས་ཀྱི་ནང་འཛུལ། དེ་དང་ལྷན་རཱ་ཤི་ཡས། མཇར་མན་སོགས་དང་ལྷན་ཕྱི་ལོ་ 1990 ནང་བཞག་པའི་དམག་དོན་གྲོས་མཐུན་ཡིག་ཆ་སྐོར་ཞིག་ཕྱིར་འཐེན་ཟིན་པ། རཱ་ཤི་ཡའི་ཏཱ་སི་གསར་ཤོག་གིས་གནས་ཚུལ་བཀོད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།