Homeའཕྲོད་བསྟེན།བྱ་ནད་ཆམ་རིམ་སྔོན་འགོག་དགོས་པའི་ཉེན་བརྡ།

བྱ་ནད་ཆམ་རིམ་སྔོན་འགོག་དགོས་པའི་ཉེན་བརྡ།

Date:

ཉེན་ཁ་ཆེ་ཤོས་ནི་སེམས་ཅན་གྱི་ལུས་སྟེང་ནས་མིའི་ལུས་སྟེང་ལ་འགོས་པ་ཙམ་གྱིས་འབྱུང་རྒྱུ་མ་ཡིན་པར། དེ་ནི་མིའི་ལུས་སྟེང་ནས་མི་གཞན་གྱི་ལུས་སྟེང་ལ་འཕོས་དུས། གཞི་ནས་ནད་འབུའི་ངོ་བོར་འགྱུར་ལྡོག་འབྱུང་རྒྱུའི་ཉེན་ཁ་ཆེ་བ་བཤད།

ལྷོ་ཨེ་ཤ་ཡ་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་དག་ཏུ། བྱ་ཡི་ཆམ་ནད་ཚབས་ཆེན་ཞིག་(H5N1)ཁྱབ་ཅིང་། ཕྱི་ལོ་ 1990 ཡི་སྨད་ནས་བཟུང་། རྒྱ་ནག་ཏུ་ཆམས་ནད་འདི་མིའི་ལུས་སྟེང་ལ་འགོས་པའི་གནས་ཚུལ་བྱུང་འགོ་བཙུགས། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ལྟར་ན། ཕྱི་ལོ་ 2003 ནས་ཕྱི་ལོ་ 2025 ཟླ་ 8 བར། འགོས་ནད་འདི་རྒྱལ་ཁབ་ 25 ཡི་ནང་དུ་མི་ 475 ལ་འཕོག་ནས་རྐྱེན་འདས་སུ་ཕྱིན་ཟིན་པ་དང་། འཕོག་མཁན་གྱི་ཁྲོད་ནས་བརྒྱ་ཆ་ 48% རྐྱེན་འདས་སུ་ཕྱིན་ཟིན་པ་བསྒྲགས།

ཨ་རིའི་རྒྱལ་ནང་གཅིག་བུར་བྱ་རིགས་ས་ཡ་ 180 ལས་མང་བ་དང་། སྒོ་ཟོག་སེམས་ཅན་གྲངས་ 1,000 ལས་བརྒལ་བ། མི་ 70 བཅས་ལ་འཕོག་ཟིན་པ་གསལ། ད་ལོའི་ཕྱི་ཟླ་ 1 ནང་རྒྱ་གར་གྱི་མཱ་ཧ་ར་ཤི་ཀྲར་མངའ་སྡེའི་ནག་པུར་གྲོང་ཁྱེར་དུ། བྱ་ཡི་ལུས་སྟེང་དུ་འགོས་པའི་ནད་ཚ་ཞིག་གི་རྐྱེན་པས་སྟག་ 3 དང་གཟིག་ཅིག་བཅས་ཤི་ཟིན་པ་བཤད། མིའི་ལུས་སྟེང་དུ་འགོས་དུས་ནད་རྟགས་ནི་ཚ་བ་རྒྱས་པ་དང་མིད་པ་ན་བ་སོགས་ཡིན་པ་དང་། མི་ཁ་ཤས་ལ་ནད་རྟགས་མི་ཐོན་པ་བཤད།

ད་དུང་མིའི་ལུས་སྟེང་དུ་འགོས་རྒྱུའི་ཉེན་ཁ་ཆུང་ནའང་། ནད་འབུ་འདིའི་ངོ་བོའི་འགྱུར་ལྡོག་ལ་གཞུང་དང་ཞིབ་འཇུག་པ་ཚོས་ཐག་ཉེ་ནས་ལྟ་ཞིབ་བྱེད་བཞིན་པའི་གནས་ཚུལ་ཐོན། ད་ལྟ་རྒྱ་གར་གྱི་ཞིབ་འཇུག་པ་ཚོས། ནད་འབུ་འདི་ག་ལེར་དང་ཁུ་སིམ་པོའི་ངང་། རྒྱལ་སྤྱིའི་རང་བཞིན་ཅན་གྱི་ནད་ཡམས་ཤིག་ཏུ་འགྱུར་ཆོག་བཤད། 

ཁོ་ཚོས། ཉེན་ཁ་ཆེ་ཤོས་ནི་སེམས་ཅན་གྱི་ལུས་སྟེང་ནས་མིའི་ལུས་སྟེང་ལ་འགོས་པ་ཙམ་གྱིས་འབྱུང་རྒྱུ་མ་ཡིན་པར། དེ་ནི་མིའི་ལུས་སྟེང་ནས་མི་གཞན་གྱི་ལུས་སྟེང་ལ་འཕོས་དུས། གཞི་ནས་ནད་འབུའི་ངོ་བོར་འགྱུར་ལྡོག་འབྱུང་རྒྱུའི་ཉེན་ཁ་ཆེ་བ་བཤད། ཐོག་མར་ཞིང་པ་དང་ཁྲོམ་རར་ལས་ཀ་བྱེད་མཁན་སོགས་ལ་འགོས་སྲིད་པ་ཚོད་དཔག་བྱེད་ཅིང་།གནས་ཚུལ་སྡུག་ཏུ་མ་ཕྱིན་སྔོན་ནད་འབུ་འདི་ཚོད་འཛིན་དང་། སྔོན་འགོག་ཐུབ་པའམ་ཉེན་ཁ་ཆུང་དུ་གཏོང་རྒྱུ་གལ་ཆེ་བ་བཤད།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།